ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དཔལ་འབྱོར་གཏན་འཇགས་ལ་རོགས་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་ལྟར་ན། ཁྱོན་ཡོངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་སྲིད་ཇུས་བྱེད་ཐབས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལག་བསྟར་བྱེད་ཐབས་ཀྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱ་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཏན་འཇགས་རྒྱུན་འཁྱོངས་དང་སྐུལ་འདེད་རྨང་གཞིར་བྱས་ནས། སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དངོས་ཟོག་འཁོར་རྒྱུག་ཤར་གཏོང་ལ་འགན་སྲུང་དང་འགྲིམ་འགྲུལ་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད། ལས་རིགས་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྔོན་བསྐྱོད་བྱེད་ནུས་འདོན་སྤེལ་བྱས། 

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཏོན་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་སྲིད་ཇུས་བྱེད་ཐབས་གཏན་འཇགས་དང་ལག་ལེན་བྱེད་པའི་སྐོར་གྱི་བྱ་ཐབས》ཀྱི་བླང་བྱར་དཔེ་བསྡུར་བྱས་ཏེ། དངུལ་གཏོང་སྲིད་ཇུས་དང་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལ་འགན་སྲུང་བྱེད་པའི་གཏན་འཇགས་སྲིད་ཇུས་ཕྱོགས2ཐད་ཀྱི་སྲིད་ཇུས་བྱེད་ཐབས་སྣ5ལ་དམིགས་ཏེ། ཕྱོགས4ཡི་བྱེ་བྲག་བྱེད་ཐབས10སྒྲིག་བཟོ་བྱས་པ་དང་། ལས་འགན་རྩིས་ཐོ5གཏན་འཁེལ་བྱས་ཤིང་། འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་དངུལ་གཏོང་དང་ཁེ་ལས་ཀྱི་དཀའ་ཁལ་སེལ་རོགས་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་སྟེ། དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱ་བ་ལེགས་པོར་སྒྲུབ་པ་དང་། དངོས་ཟོག་འཁོར་རྒྱུག་ལ་རྒྱབ་སྐྱོར་ཤུགས་ཚད་ཀྱི་ཕྱོགས4ཐད་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བྱེ་བྲག་གི་བྱ་བའི་ལས་འགན་བཏོན་ནས། སྣ་སོ་སོའི་བྱེད་ཐབས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།