ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་སྔར་ལས་ཚད་གཞི་མཐོན་པོར་བསླེབ་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་བྱ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། 2022ལོའི་ལོ་སྟོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་དང་ལོ་ལྔའི་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་གྲུབ་འབྲས་ཡོངས་བསྒྲགས་བྱས། 

ངོ་སྤྲོད་བྱས་པ་ལྟར་ན། 2022ལོ་ནས་བཟུང་རྨ་ལྷོ་ཁུལ་གྱིས་ཞིང་ཆེན་སྲིད་གཞུང་གིས་གཤམ་སྤེལ་བྱས་པའི2022ལོའི་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་ལས་འགན་སོ་སོར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་བྱས་རྗེས་བཞག་ནས། ལས་འགན་སོ་སོར་སྐུལ་འདེད་ཏན་ཏིག་བཏང་བས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་སོང་ཡོད། ཁུལ་རྒྱལ་ཁབ་ཚོད་འཛིན་ས་ཚིགས་ཀྱིས་ཟླ1པོ་ནས་ཟླ4པའི་བར་མཁའ་རླུང་སྤུས་ཚད་ལྟ་ཞིབ་ནུས་ལྡན་ཅན་གྱི་ཉིན་གྲངས108ཡིན་པ་དང་། ཕུལ་བྱུང་ཉིན་གྲངས99ཡིན་ལ། ཚད་གཞིའི་བསྡུར་གྲངས91.7%བཅས་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས2.6%འཕར་ཡོད། ས་ངོས་ཀྱི་ཆུའི་ཐོན་ཁུངས་ལ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆད་ངོས་3དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ཆད་ངོས6གི་ཆུ་སྤུས་ཚང་མ་རིགས་གསུམ་དང་དེ་ལས་མཐོ་བའི་ཆུ་སྤུས་ཀྱི་ཚད་གཞིར་སླེབས་པ་དང་། འཐུང་ཆུའི་ཆུ་མགོ་ཁུལ་གྱི་ཆུ་སྤུས་ལོན་ཚད་100%ཟིན་པ་དང་། འབབ་རྒྱུད་གཙོ་བོའི་ལྟ་ཞིབ་ཚད་ལེན་ཆད་ངོས་ཀྱི་ཆུ་སྤུས་ཚང་མ་རིགསIIལ་སླེབས་པའམ་དེ་ལས་ལེགས་པ་ཡིན། ཁུལ་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་བརྟན་བརླིང་ཡིན།

གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། རྗེས་མར་རྨ་ལྷོ་ཁུལ་གྱིས་རྩེ་ཁོག་རྫོང་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་རྫོང་དུ་བསྐྲུན་ནས། རེབ་གོང་གྲོང་ཁྱེར་དང་གཅན་ཚ་རྫོང་གི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་བསྐྲུན་པའི་ལས་དོན་སྤེལ་ཏེ། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཤང་གྲོང་དང་ཞིང་སྡེ་ལ་ནུས་ཤུགས་ཡོད་རྒུས་རེ་ཞུ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཁུལ་ཡོངས་སུ་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་དང་འཚོ་བའི་གད་སྙིགས་གཙང་བཅོས། འགྱིག་སོབ་བཟོ་བ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ལས་དོན་ཁག་གསུམ་སྤེལ་རྒྱུ་མ་ཟད། ཁོར་ཡུག་ཉེན་ཁའི་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་དང་ཁོར་ཡུག་གནད་དོན་གྲལ་བཤེར་ཆེན་མོའི་བཅོས་སྒྲིག་ལམ་སྲོལ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཆེན་མོའི་ལམ་སྲོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་འགན་འཁྲི་བདའ་འདེད་ཀྱི་བྱ་བའི་ལམ་སྲོལ་བཅས་བཙུགས་ནས། རིམ་པ་སོ་སོའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།