ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་ཞིང་ས་སྲུང་སྐྱོབ་ཐད་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་ཞིང་ས་སྲུང་སྐྱོབ་ཐད་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ས་སྲུང་སྐྱོབ་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་གང་ལེགས་བྱས་ཏེ། གཟབ་ནན་དང་ཏན་ཏིག་སྒོས་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། སྦས་ཤུགས་སྔོག་འདོན་བཟང་བོ་བྱས་ཏེ་མུ་མཐུད་དུ་ཞིང་སའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ཞིང་ས་སྲུང་སྐྱོབ་དང་ཞིང་ས་གྲོན་ཆུང་ལེགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

ལིའུ་ཐའོ་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཁུལ་མདོ་བ་གྲོང་རྡལ་དང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཚེ་ཅ་པོ་ཡུལ་ཚོ་དང་ཝེ་ཡོན་གྲོང་རྡལ། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་བིས་མདོ་ཡུལ་ཚོ་སོགས་སུ་སོང་སྟེ་ས་ཞིང་དག་ཐེར་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། ཞིང་ས་སྲུང་སྐྱོབ་བྱེད་རྒྱུ་དེ་འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། སྤྱི་ཚོགས་བརྟན་འཇགས་བཅས་ལ་འབྲེལ་བ་ཡོད་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། སྲུང་སྐྱོབ་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། ཞིང་སའི་གྲངས་ཀ་དང་སྲུང་སྐྱོབ། སྐྱེ་ཁམས་བཅས་ཕྱོགས་གསུམ་གཞི་གཅིག་རྒྱུན་འཁྱོངས་བྱས་ནས། བློ་ཐག་རྦད་ཆོད་སྒོས་ཞིང་ས་སྲུང་སྐྱོབ་བྱེད་པའི་དམར་མཚམས་བརྟན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།