ཀྲུང་གོ་བོད་ཀྱི་དྲ་བ།

ཉི་མའི་ཚ་ཟེར་འཕྲོག་པའི་ས་སྟེང་གི་མེ་ཟླུམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས8ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཉི་གློག(ཚ་གློག)ཐོན་ལས་གླིང་ནས་པར་བླངས་པའི་མཚོ་སྔོན་ཀྲུང་ཁོང་གཏེར་ལེན་ཁ་ཡི་ཀྲའོ་ཝ50ཡི་ཉི་གློག་ས་ཚིགས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཚྭ་འདམ་གཤོང་སར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་ཐོན་ལས་ཚོགས་པ་བསྐྲུན་པའི་རྨང་གཞིའི་ཐོག ས་ཁོངས་ནང་གི་ཕུན་སུམ་ཚོགས་པའི་འོད་ནུས་དང་རླུང་ནུས། དེ་བཞིན་བྱེ་ཐང་དང་གྲམ་ཐང་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། སྟོང་ཝ་ཁྲི200ཡི་འོད་ཤུགས་གློག་ནུས་རྣམ་གྲངས་དང་། མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག་གློག་ཤུགས་ཀྱི་དུས་ཐེངས་གཉིས་པའི་སྟོང་ཝ་ཁྲི20ཡི་འོད་ཤུགས་གློག་ནུས་རྣམ་གྲངས་སོགས་ནུས་རྒྱུ་གསར་པའི་རྣམ་གྲངས5འཛུགས་སྐྲུན་བྱེད་མགོ་ཚུགས། མིག་སྔར་རྣམ་གྲངས་ཁག་གི་འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་གཏོང་བའི་རང་བྱུང་ཐོན་ཁུངས་ཧ་ཅང་མོད་པོ་ཡོད། ད་ལོའི་ཟླ3པའི་ཟླ་མཇུག་བར། ས་གནས་དེ་གའི་ནུས་རྒྱུ་གསར་པའི་དྲ་སྦྲེལ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི1160ཟིན་ནས། མཚོ་སྔོན་ཞིང་ཆེན་གྱིས“རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུ་ཐོན་ལས་ཀྱི་མཐོ་སའི”གཡུལ་ས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད།

གཤམ་གྱི་པར་རིས་ནི་ཟླ6པའི་ཚེས8ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཉི་གློག་ཐོན་ལས་གླིང་དུ་པར་བླངས་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།