ཀྲུང་གོ་བོད་ཀྱི་དྲ་བ།

“སྐད་གཉིས”སྒྲོག་འགྲེལ་ཞིང་སྡེར་བསྐྱོད་དེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་མང་ཚོགས་ཀྱི་སེམས་ལ་གཤགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན“སྐད་གཉིས”སྒྲོག་འགྲེལ་རུ་ཁག་གི་རུ་གཙོའམ། བིས་མདོ་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཤ་བོ་རྒྱལ་གྱིས་ཡུལ་དངོས་ཀྱི་མང་ཚོགས་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུ་དཔར་ཡོད་པའི་མཚོ་སྔོན་ཉིན་རེའི་ཚགས་པར་བཀྲམ་སྐབས། སྒྲོག་འགྲེལ་ཡུལ་དངོས་ཀྱི་མཁའ་དབུགས་སློང་བར་མི་བརྗེད་པར། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བཏབ། 

ཟླ་དྲུག་པའི་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཤང་ནི། ཞིང་རའི་ནང་དང་གཞུང་ལམ་གྱི་འགྲམ་གཉིས་སུ། ལྗང་ནེམ་ནེམ་གྱི་གྲོ་ནས་སྲན་གསུམ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་དང་། གོ་རིམ་མི་མཉམ་པའི་སྐས་ཞིང་དུ་སྐེ་ཚེ་མེ་ཏོག་ཕན་ཚུན་ལ་འགྲན་པ་བཞིན་དུ་བཞད་པ། དྲི་བསུང་ཞིམ་པོ་བསིལ་རླུང་འཇམ་པོ་དང་འགྲོགས་ནས་གང་སར་ཁྱབ་པ་དག་ནི་གོ་རིམ་གསལ་པའི་ཚོན་ལྡན་རི་མོ་ཞིག་དང་ཀུན་ནས་མཚུངས། 

ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན“སེམས་པའི་གཏིང”ལ་བརྒྱུད་སྒྲོག་བྱེད་ཆེད། ཞོན་ཧྭ་རྫོང་གིས་རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ལས་བྱེད་པའི་ཁྲོད་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་མི27བདམས་ནས་གྲངས་ཉུང་མི་རིགས་ལས་བྱེད་པས་གྲུབ་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན“སྐད་གཉིས”སྒྲོག་འགྲེལ་རུ་ཁག་བཙུགས་ཤིང་། ཏང་ཡོན་མང་ཚོགས་ཀྱི་ཚོགས་ཆེན་བསྡུ་བ་དང་། ཁྱིམ་ཚང་རེར་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ། ཤང་སྡེའི་རྒྱང་སྒྲོག་ཆེན་མོ། སྐོར་བྲོ་འཁྲབ་པ་སོགས་མང་ཚོགས་ཉན་སྤྲོ་མཐོང་འདོད་ཀྱི་རྣམ་པ་བརྒྱུད། རྒྱ་སྐད་དང་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་སྤྱད་ནས་གླེང་མོལ་བྱས། “སྒྲོག་འགྲེལ་ཡན་ལག་རུ་ཆུང”ཕུན་སུམ་ཚོགས་པར་སྤྱད་ནས“ཁོར་ཡུག་ཡག་པོ”སྐྲུན་པ་དང་། “ཁྲིད་སྟེགས་ཆུང་ཆུང”བཀོལ་ནས“གནས་ལུགས་ཆེན་པོ”སྒྲོག་འགྲེལ་བྱས་པ། “ཐེག་གཟུགས་ཆུང་ཆུང”བརྒྱུད་ནས“ནུས་ཤུགས་ཆེན་པོ”བསྒྲགས་པ་བཅས་བྱས་ཏེ། མང་ཚོགས་ཀྱི་སློབ་སྦྱོང་སྤྲོ་ཤུགས་བསླངས། 

སྒྲོག་འགྲེལ་ཡུལ་དངོས་སུ། སྒྲོག་འགྲེལ་པས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དང་རིམས་ནད་འགོག་སྡོམ། གྲོང་གསེབ་དར་སྤེལ་སོགས་ཀྱི་ནང་དོན་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སྔར་ལས་གཏིང་ཟབ་པའི་རྒྱུས་ལོན་དང་ངོས་ཟིན་ཡོད་པར་བྱས། 

ཉེ་བའི་ལོ་འགའི་རིང་ལ། ངོ་མཚར་སྡེ་བའི་ཏང་ཀྲི་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་གོ་སྐབས་ལ་དམ་པོར་དམིགས་པ་དང་། ཤང་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་དང་དམ་དུ་སྦྲེལ་ནས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་སྡེ་བ་འཛུགས་སྐྲུན་གནས་སྐོར་དང་པོར་གྱུར། སྡེ་བའི་ཏང་ཡོན་བྱེད་སྒོ་སྤེལ་ཡུལ་དང་། ཆུ་ལག་སྦྲེལ་མཐུད་ལས་གཞི། སྐྱེ་ཁམས་འགོག་སྲུང་ནགས་ཚལ་སོགས་དམངས་ཕན་ལས་གཞི་རབ་དང་རིམ་པ་བྲེལ་མྱུར་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་པས། ངོ་མཚར་སྡེ་བའི་རྣམ་པ་བཟང་ཕྱོགས་སུ་འཕེལ་བ་དང་། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་མཐོར་འདེགས་ཆེན་པོ་བྱུང་། 

ངོ་མཚར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྡོ་རྗེས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུས་མཚོ་སྔོན་གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་རི་མོར་བྲིས་ཡོད་པས། ང་ཚོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ནན་ཏན་བྱེད་པ་དང་། ལས་དོན་དངོས་སྒྲུབ་པ་དང་མདུན་གྲལ་དུ་བསྐྱོད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་སྟོབས་ཆེན་པོར་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་བརྟན་ལྷིང་མངོན་འགྱུར་བྱེད་ཅིང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་སྤུས་ལེགས་དང་བདེ་སྐྱིད། མཛེས་སྡུག་ལྡན་པར་བྱས་ཏེ། འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་དུ་སོང་། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།