ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཁྲོན་ཧྥུའུ་དང་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཁྲོན་ཧྥུའུ་དང་མཇལ་འཕྲད་གནང་།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཝང་ཁྲོན་ཧྥུའུ་དང་བཅས་པར་དགའ་བསུ་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གཙོ་བོར་བཟུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་ནུས་རྒྱུ་གསར་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་འཆར་འགོད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་པ། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས། ལྗང་མདོག་འཁོར་རྒྱུག་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད། དུས་ཡུན་རིང་པོའི་ནང་མཚོ་སྔོན་དང་པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིས་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་ལམ་སྲོལ་མུ་མཐུད་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཐུན་མོང་ཐོག་ཆེས་ཁྱད་ཆོས་ལྡན་པ་དང་གསོན་ཤུགས་ལྡན་པའི་ཐོན་ལས་སྐྱེད་སྲིང་བྱེད་པའི་རེ་བ་ཡོད། ང་ཚོས་པི་ཡ་ཏི་དང་འཐབ་ཇུས་མཉམ་ལས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། ཐོན་ལས་ཀྱི་ལེ་ལག་ཚང་བ་དང་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་ཇེ་ལེགས་སུ་བཏང་ནས། པི་ཡ་ཏི་ཚུད་པའི་རིགས་སོ་སོའི་ཁེ་ལས་ཀྱིས་མཚོ་སྔོན་དུ་སྔར་ལས་སྤུས་ལེགས་དང་ནུས་ཆེའི་ཞབས་འདེགས་བྱས་ནས། སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་རྒྱུ་རེད། 

ཝང་ཁྲོན་ཧྥུའུ་ཡིས་ཁེ་ལས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས། པི་ཡ་ཏིས་སྔར་བཞིན་མཚོ་སྔོན་ལ་གཞི་བཙུགས་ནས་མཚོ་སྔོན་དུ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། མཚོ་སྔོན་གྱི་ཐོན་ལས“གནས་བཞི”དང་ལིས་གློག་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ལྷན་དུ་མཇལ་འཕྲད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།