ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་སྟོང་གི་བོད་རུམ་གྱིས་དཀའ་སྡུག་ཁྱད་དུ་བསད་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྩལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་དང་གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1655085557692755.jpg

1655085562475033.jpg

1655085567192156.jpg

1655085572139236.jpg

འཛམ་གླིང་གི་བོད་རུམ་ཀྲུང་གོར་བལྟ་དགོས། ཀྲུང་གོའི་བོད་རུམ་མཚོ་སྔོན་ལ་བལྟ་དགོས། བོད་རུམ་གྱིས་མཚོ་སྔོན་མཐོ་སྒང་གི་ལོ་ངོ་སྟོང་གི་ཁྱད་ཆོས་སྦྲུམ་པ་དང་། དུས་རབས་ཀྱི་འགྲོས་དང་བསྟུན་ནས། ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འགྱུར་ལྡོག་བྱུང་ཡོད་པས། བཟོ་བོའི་བསམ་བློ་དང་རིག་གནས་ཀྱི་རྒྱུན་འཛིན་ཁྲོད་འཕེལ་རྒྱས་ཕྱིན་ཡོད།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུ་ཡོད་པའི་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སི(གཤམ་དུ་ཧྲིན་ཡོན་ས་གདན་ཀུང་སི་ཞེས་བསྡུ་རྒྱུ)ནི་མཚོ་སྔོན་བོད་རུམ་ཐོན་ལས་མཚོན་བྱེད་ཀྱི་ཁེ་ལས་ཀྱི་གྲས་ཤིག་ཡིན་ཞིང་། འཕོ་འགྱུར་ཐེངས་གསུམ་བརྒྱུད་ནས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་བཞིན་ཡོད། ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་སྟོབས་ལྡན་དུ་འཕེལ་བའི་ཧྲིན་ཡོན་ས་གདན་ཀུང་སིས2021ལོའི་ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོར། རང་ཉིད་ཀྱི“འོད་ཟེར་འཕྲོ་བའི་དུས་སྐབས”བསུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ས་ཚིགས་དང་པོ་འདིར་ཕེབས་པ་ནས། “མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་ཡོད་པས། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པའི་སྲིད་ཇུས་ཀྱི་ཁོར་ཡུག་ཧུར་ཐག་གིས་གཏོད་དགོས་པའི་བརྩེ་སེམས་ཟབ་མོའི་རེ་བཅོལ་གནང་། ”

དུས་ཚོད་ནི་ཇི་འདྲའི་མགྱོགས་ནའང་། བརྩེ་བའི་མངགས་བཅོལ་ཟབ་མོ་ད་དུང་རྣ་ལམ་དུ་འཁོར་ཡོད། ལོ་གཅིག་གི་རིང་ཧྲིན་ཡོན་ས་གདན་ཀུང་སིས་འབད་བརྩོན་ཆེན་པོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི“དུས་རབས་ཀྱི་ས་གདན”འཐག་པ་དང་། ལོ་གཅིག་གི་རིང་ཧྲིན་ཡོན་ས་གདན་ཀུང་སིས་སྲོལ་རྒྱུན་དང་དེང་རབས་ཀྱི་གདོང་གཏུག་ཁྲོད། ཁྱད་ལྡན་ཐོན་ལས་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་ནས།  ལོ་གཅིག་གི་ནང་ཧྲིན་ཡོན་ས་གདན་ཀུང་སིས་རྒྱུན་འཛིན་དང་འཕོ་འགྱུར་ཁྲོད། ཁྱད་ལྡན་ཐོན་ལས་ཀྱི་ཉམས་འགྱུར་མངོན་པའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།

དམིགས་ཡུལ་ཡོད་པ་དང་བྱ་གཞག་ཡོད་པ། ཧྲིན་ཡོན་ས་གདན་ཀུང་སིའི་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར་མདུན་དུ་སྐྱོད་བཞིན་ཡོད།

འབད་འབུངས་ཡར་བརྩོན་གྱི་མཚོ་སྔོན་གྱི་བོད་རུམ་ལ“ཚན་རྩལ་གྱི་མིག་དཔེ”སྔར་ལས་ལྷག་པ་ལྡན།

ལག་ཤེས་བཟོ་ལས་ཁུལ་དུ། གསར་དུ་ནང་འདྲེན་བྱས་པའི“བོའུ་མདེའུ་འཕྲུལ་མི”4ཡི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ལས་དོན་མི་སྣའི་ནང་འདྲེན་བཀའ་བཀོད་གོ་རིམ་གྱི་བྱ་བའི་རྣམ་པ་དུས་དང་རྣམ་པ་ཀུན་ཏུ་སྒུག་བཞིན་ཡོད། “‘བོའུ་མདེའུ་འཕྲུལ་མི’ཡི་སྒྲིག་ཆས་ནང་འདྲེན་བྱས་པ་དེས་མི་ཤུགས་ཀྱི་མ་གནས་ཉུང་དུ་བཏང་ནས། ང་ཚོའི་འཐག་བཟོའི་ཕན་འབྲས་ཆེ་རུ་བཏང་ཡོད”ཞེས་ལེགས་སྒྲིག་འཁོར་ཁང་གི་སྤྱི་གཉེར་པ་གཞོན་པ་ཆུས་ཞ་ཡིས་ངོ་སྤྲོད་བྱས། 

ཆུས་ཞ་ཐོན་རྫས་འགྲེམས་སྟོན་ཁུལ་གྱི་མིང་ལ《ལྕགས་རི་རིང་པོ》ཞེས་བཏགས་པའི་འགེལ་རུམ་གྱི་མདུན་དུ་བསྐྱོད་ནས། སྤོབས་པ་ཆེན་པོས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ངའི་གམ་དུ་ཕེབས་སྐབས་ངས་འགེལ་རུམ་གྱི་བཟོས་ཐོན་རྫས་བཟོ་ལྟ་དང་པོ་དེར་ཞིབ་བཤེར་བྱེད་བཞིན་ཡོད། འགེལ་རུམ་དེར་བོའུ་མདེའུ་ཡི་ལག་རྩལ་སྤྱད་ནས། མཐོ་དམའི་ཁབ་དང་། ཁུ་ལུ། བལ་གཏུབ་པ། མེ་ཏོག་བཟོོ་བ་སོགས་ཀྱི་བཟོ་རྩལ་སྣ་ཚོགས་མཉམ་འདྲེས་བྱས་ཡོད་པས། དེ་ནི་ཁེ་ལས་ཀྱི་འགེལ་རུམ་ཆེ་གྲས་ཁྱབ་ཁོངས་ཀྱི་ཐོལ་བརྒལ་ཞིག་ཡིན”ཟེར།

《ལྕགས་རི་རིང་པོ》ཡི་རིང་ཚད་སྨི5.8དང་། ཞེང་ལ་སྨི2.4ཡོད། ཉི་མ་དམར་ལམ་ལམ་དུ་མཁའ་རུ་འཕགས་པ་དང་། འདབ་ཆགས་ཀྱིས་འཕུར་ལྡིང་བྱེད་བཞིན་ཡོད་ལ། ལྕགས་རི་རིང་པོ་རི་ཆུའི་བར་མཐོང་དུ་ཀྱག་ཀྱོག་གིས་བརྐྱངས་ནས་ཡོད་ལ། དེ་རི་མོའི་ལག་རྩལ་ཧ་ལས་པ་ཞིག་རེད། མོས་ལག་པས་འགེལ་རུམ་ངོས་ཀྱི་རི་ཆུའི་རི་མོར་དལ་གྱིས་རེག་ཞོར་དུ་བཤད་རྒྱུར། “ད་ལྟ་ཁ་པར་བཏང་ནས་འདི་ལྟ་བུའི་འགེལ་རུམ་ཙོང་རྒྱུ་ཡོད་མེད་འདྲི་མཁན་ཤིན་ཏུ་མང་བས། འགེལ་རུམ་འདིའི་རིགས་ནི་ཧྲིན་ཡོན་གྱི‘སྐད་གྲགས་ཅན’གྱི་ཐོན་རྫས་ཏུ་གྱུར་ཡོད་ཟེར།”

“ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་། “ཧྲིན་ཡོན་ས་གདན་ཀུང་སིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་ལས་ཅན་དུ་བསྒྱུར་བ་དང་། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་དམ་ཟབ་བྱེད་པའི་ཁྲོད་སྒྱུ་རྩལ་ཡང་མང་ཚོགས་དཀྱུས་མའི་ཁྱིམ་དུ་དར་ཐུབ་པ་བྱས་ཡོད།”

རིག་ནུས་སང་སྒྲོམ་སྤྱོད་མགོ་བཙུགས་ནས། རིག་ནུས་བོའུ་མདེའུ་འཕྲུལ་མི་སྒྲིག་སྦྱོར་བྱས་ནས་བེད་སྤྱོད་བྱེད་མགོ་བརྩམས་ཡོད། གསོ་སྦྱོང་བྱེད་ཤུགས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། གཞོན་ནུ་ལས་བཟོ་གསོ་སྐྱོང་དང་བསྡུ་ལེན་བྱས་ཏེ་ཀུང་སིར་གསོན་ཤུགས་གསར་པ་བསྣན་ཡོད། ལོ་གཅིག་རིང་ཧྲིན་ཡོན་ས་གདན་ཀུང་སིའི་ལས་བཟོ་པ300ལྷག་གིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་ཡོད། ད་དུང་རིམས་ནད་འགོག་སྡོམ་ཤུགས་རྐྱེན་འོག ཁེ་ལས་ཀྱི་ལོ་འཁོར་གྱི་ཐོན་འབབ་སྔར་བཞིན་དུང་ཕྱུར་ལ་ཉེ་བ་ཡོད་ཅིང་། མིག་སྔའི་བར། ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་ན་ནིང་དང་བསྡུར་ན30%ཡན་དུ་འཕར་ཡོད་པས། ཁེ་ལས་འཕེལ་རྒྱས་དང་མི་མངོན་པའི་སྟོབས་ཤུགས་མངོན་པར་བྱས་ནས། “བགྲོད་ལམ་གསར་པར་འབད་པས་སྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་བཞག་ནས། ང་ཚོས་ད་དུང་སྔར་ལས་ལེགས་པའི་ས་གདན་མང་དུ་ཐོན་སྐྱེད་བྱེད་དགོས”ཞེས་ཆུས་ཞ་ཡིས་བཤད། 

མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས། མདུན་ནས་མདུན་དུ་སྐྱོད། ཧྲིན་ཡོན་ལས་བཟོ་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བོད་རུམ་ཐོན་ལས་འཕེལ་རྒྱས་ལ་མཛུབ་སྟོན་གསལ་བོ་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། ལོ་ཟླའི་དཀའ་སྡུག་ལ་མགོ་མི་བོ་སྒུར་བར། ཡུན་རིང་གི་ཉམས་མྱོང་སྟོབས་ཤུགས་སུ་བསྒྱུར་ནས། མཚོ་སྔོན་གྱི་བོད་རུམ་མི་མཉམ་འདྲེས་བྱེད་པའི་བསམ་བློ་གསར་པ་དང་། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་དུ་དར་བར་བྱེད་དགོས། 

བཟོ་བོའི་ལག་རྩལ་ཁྱད་པར་ཅན་གྱི་བོད་རུམ་ལ་འགྱུར་བ་མེད་པའི“རིག་གནས་ཀྱི་མིག་དཔེ”ལྡན།

“གནའ་སྔ་མོ་ནས་བཟུང་བོད་རུམ་ཙོང་ཁ་ནས་ཕྱིར་བུད་པ་དང་། ཙོང་ཁའི་བོད་རུམ་མང་དུ་ཡོད།” བལ་གྱི་ཉག་མ་རེ་རེ་ནས་ཧ་ཅང་མཐུག་པའི་བོད་རུམ་དུ་བསྒྱུར་བ་ནི་སྲོལ་རྒྱུན་ལག་རྩལ་གྱི་བློ་གྲོས་ལས་བྱུང་བ་ཡིན་ལ། དེར་བཟོ་བོའི་བློ་གྲོས་དང་དཀའ་སྤད་ཀྱི་རྔུལ་ཆུ་ཡང་འདུས་ཡོད།

“ཁྱེད་ཀྱི་ལག་རྩལ་དེ་ནི་ཧ་ཅང་རྩ་ཆེ་ལ་དོན་སྙིང་ཆེན་པོ་ལྡན་པས། ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།” སྲོལ་རྒྱུན་ལག་ཤེས་འཐག་ཁུལ་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཅ་ཡ་བོད་རུམ་འཁེལ་འཐག་ལག་ཤེས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དབྱང་ཡུང་ལེང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་ལྕག་ལ་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་མཆིས། “ངས་ལོ8ནས་བཟུང་ཨ་མ་དང་མཉམ་དུ་བལ་བཀྲུ་བ་དང་། སྐུད་པ་འཁེལ་བས་བོད་རུམ་སྔ་ས་ནས་ངའི་ཚེ་སྲོག་གི་རུས་རྐང་ལ་འཐུམ་ཡོད། ད་ཆ་ལག་རྩལ་རྙིང་པར་གོ་སྐབས་གསར་པ་ཐོབ་ནས། མི་སྔར་ལས་མང་བས་ལག་ཤེས་བོད་རུམ་འཁེལ་འཐག་ལ་དོ་ཁུར་དང་རྒྱུས་ལོན་བྱེད་མགོ་བརྩམས་པ་མ་ཟད། ད་དུང་མི་མང་པོ་ཞིག་ལག་རྩལ་སྦྱོང་བར་ཡོང་བ་དང་། ང་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་བཟང་པོ་གཏོང་བའི་འགན་འཁྲི་ཡོད།”

ལག་གཡོན་པས་སྐུད་པ་བཟུང་བ་དང་། ལག་གཡས་པས་གྲི་བཟུང་བ། སྐུད་སྣེ་སྐུད་པའི་ཁྲོད་བཅུག་ནས་ཡི་གེ“8”ཀྱི་རྣམ་པར་འཐེན་རྗེས་མྱུར་དུ་གཅོད་པ་དང་། དེ་ནས་མཛུབ་མོས་དཀྲི་བཞིན་ཡོད། ད་ལོ་ལོ33ལ་སླེབས་པའི་ལག་ཤེས་བོད་རུམ་འཁེལ་འཐག་གི་ལག་རྩལ་སྦྱོང་ལ་ཞུགས་ནས་ལོ་གཅིག་ལྷག་འགོར་བའི་ཨན་ཀྲི་ཆིང་དབྱང་ཡུང་ལེའི་འགྲམ་དུ་བསྡད་ནས། སླ་བཅོས་སྤུ་ཙམ་ཡང་མེད་པར་ཤར་མ100ལྷག་ཡོད་པའི་སྟག་ལྤགས་ས་གདན་ཞིག་འཐག་བཞིན་ཡོད་ལ། མོས་ཁག་ཆུང་ཆུང་ཞིག་འཐག་བཞིན་ཡོད་ནའང་འཐག་རིས་ཞིབ་ཚགས་ལྡན་པས་ཡིད་དུ་འོང་བ་ཞིག་ཏུ་འདུག

ལག་རྩལ་རྒྱུན་འཛིན་དང་ལག་ཤེས་པ་སྲུང་སྐྱོང་། གཟུགས་འདས་ཤུལ་བཞག་རིག་གནས་གནས་འདི་ནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་མ་ཟད། གནས་འདི་ནས་འཕོ་འགྱུར་ཆེན་པོ་བྱུང་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་རུམ་དེ་མཛུབ་མོའི་རྩེ་མོ་ནས་ལོ་ཟླའི་ལམ་ཕྲེང་བརྒྱུད་དེ། གནས་འདིའི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཡོ་བྱད་དང་། མཚོ་སྔོན་གྱི་རྣམ་པར་བཀྲ་བའི་རིག་གནས་ཁྲོད་ཀྱི་སྒྱུ་རྩལ་གྱི་ནོར་བུ་རྩ་ཆེན་ཞིག་ཏུ་གྱུར་ཡོད། །

ལོ་གཅིག་གི་རིང་ལ། གནས་མཆོག་བོད་གྲུམ་ཀུང་སིས་ཁེ་ལས་དང་མཉམ་ལས་ཁང་། སྒྲིག་བཟོ་རུ་ཁག་གི་དཔུང་སྦྲེལ་རོགས་སྐྱོར་བརྒྱུད། ལག་བཟོའི་བོད་གྲུམ་ལག་རྩལ་རྒྱུན་འཛིན་དང་། ལག་བཟོའི་བོད་རུམ་བཟོ་བའི་ཆུ་ཚད་མཐོར་བཏེགས་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ལས་ཀྱི་འཕེལ་ཤུགས་དང་བསྟུན་ནས་མིག་དབང་འཕྲོག་པའི་མཚར་སྡུག་མངོན་དུ་བཅུག་ཡོད། 

“བོད་རུམ་ལ་མ་གཞི་ནས་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན། སྲོལ་རྒྱུན་ལག་རྩལ་ཇི་བཞིན་དུ་རྒྱུན་འཛིན་ལེགས་པོར་བྱས་ནས། སྲོལ་རྒྱུན་ལག་རྩལ་ལ་གསོན་ཤུགས་ཀྱི་དྲི་བསུང་རབ་ཏུ་འཐུལ་བའི་ཆེད་དུ། ང་ཚོས་ཞིང་ཕྱུགས་ལས་ས་ཁུལ་དུ་ལག་བཟོའི་བོད་རུམ་ལག་རྩལ་གསོ་སྦྱོང་རྟེན་གཞི་མང་པོ་བཙུགས་ཏེ། ས་དེ་གའི་མང་ཚོགས་རྣམས་ལ་སློབ་སྦྱོང་བྱེད་དུ་བཅུག དུས་མཚུངས་སུ། ང་ཚོས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་སྔོག་འདོན་བེད་སྤྱོད་ཟུང་འབྲེལ་གྱིས‘སྡོང་རྒན’ལ‘ལོ་མ་གསར་པ’རྒྱས་སུ་བཅུག” ཅེས་ཞུའེ་ཐིང་གིས་བཤད། 

དྲང་སྲུང་གསར་གཏོད་ལ་བརྟེན་ནས་ལོ་ངོ་སྟོང་གི་བོད་རུམ་ལ“དུས་རབས་ཀྱི་མིག་དཔེ”ལྡན།

ཐོན་སྐྱེད་འཁོར་སྒམ་དུ་བསྐྱོད་པ་ན། སྙན་པའི་དབྱངས་རྟ་ལ་འགྱུར་ཁུགས་སྟོང་དང་ལྡན་པའི་སྒྲིག་ཆས་འཁོར་སྐྱོད་ཀྱི་སྒྲ་དེ་རྣ་བའི་བུ་གར་ལྷུང་འོངས། འཕྲད་གཞུང་རྒྱུ་སྤུན་གྱི་ཚགས་སྡེབ་སྟངས་བར་ནས། གསོན་པའི་ཉམས་དང་ལྡན་པའི་མིའི་གཟུགས་དང་། ཚོན་མདངས་རྣམ་པར་གསལ་བའི་མེ་ཏོག གྲུབ་སྟངས་རྨད་དུ་བྱུང་བའི་ཐིག་རིས་སོགས་ངོ་མཚར་སྟོང་གིས་ཕྱུག་ཅིང་། གངས་རི་དང་། རྩྭ་ཐང་། ནགས་ཚལ། མཚེའུ། ནོར། ལུག་ཁྱུ་སོགས་མཐོ་སྒང་ས་གཞི་ཆེན་པོའི་སྟེང་གི་སྐྱེ་ཁམས་མཚོན་རྟགས་རྣམས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་མི་སེམས་ལ་གཡོ་འགུལ་ཐེབས་པའི་རླབས་རྒྱུན་ཁུར་ནས་འོང་བཞིན་ཡོད། 

གནས་འདིའི་བོད་རུམ་དུས་རབས་ཀྱི་གོམ་རྗེས་སུ་འབྲངས་ནས། སྲོལ་རྒྱུན་ལག་བཟོ་སྒྱུ་རྩལ་ཐོན་རྫས་ཐད“དུས་རབས་ཀྱི་མིག་དཔེར”གྱུར་ཡོད། འདིའི་རྒྱབ་ལོག་ན། ཁེ་ལས་ཀྱིས་གསར་གཏོད་གཏན་སྲུང་དང་ཞིབ་འཇུག་སྔོག་འདོན་གྱི་རྒྱུན་འཁྱོངས་བྱས་པའི་དཀའ་སྡུག་གི་རྔུལ་ཁྲག་ཡོད། 

“བཀའ་མངགས་ཡིད་ལ་དམ་པོར་བཟུང་ནས། ང་ཚོས་མཚོ་སྔོན་གྱི་རང་སའི་ཐོན་ཁུངས་དགེ་མཚན་བེད་སྤྱོད་ལེགས་པོར་བྱེད་པ་དང་། ཐོན་རྫས་ཀྱི་བྱེད་ནུས་དང་ཇུས་འགོད། བཟོ་རྩལ། ཚད་གཞི་སོགས་ཀྱི་ཕྱོགས་ནས་མུ་མཐུད་དུ་གསར་གཏོད་བྱས་ཏེ། སྒེར་གཤིས་ཅན་གྱི་སྒྲིག་བཟོ་ཕྱིར་ཚོང་རྣམ་པ་སྐྲུན་པའི་སྟེང་ལག་རྩལ་ཞིབ་འཇུག་སྔོན་འདོན་གྱི་སྟོབས་ཤུགས་མང་དུ་འདོན་དགོས”ཞེས་གནས་མཆོག་ས་གདན་ཀུང་སིའི་ཏུང་ཧྲི་ཀྲང་ཞུའེ་ཐིང་གིས་བཤད། 

ལོ་གཅིག་གི་རིང་ལ། ཁྲེ་གོ་ལུང་གིས་རུ་ཁག་གི་སྣེ་ཁྲིད་དེ་སྒེར་གཤིས་ཅན་གྱི་སྒྲིག་བཟོ་ལ་དམིགས་ཤིང་། སྐུ་མགྲོན་གྱི་དགོས་མཁོ་ཕྱོགས་སྟོན་དུ་བཟུང་ནས། ཇུས་འགོད་ཁྲོད་དུ་ས་གདན་རིག་གནས་ཀྱི་སྙིང་བཅུད་འདུས་སུ་བཅུག ཁེ་ལས་ཀྱིས་བསྐྲུན་པའི་ཐོན་ཁུངས་སྟེགས་བུ་ལ་བརྟེན་ནས། རྒྱལ་ནང་གི་ཇུས་འགོད་པ་གྲགས་ཅན་དང་རྒྱུན་ལྡན་རྣམ་ཅན་གྱི་དྲ་ལམ་གྱི་བརྗེ་རེས་གླེང་མོལ་དང་མཉམ་ལས་མངོན་འགྱུར་བྱས་པ། ཇུས་འགོད་ཀྱི་འདུ་ཤེས་ལེགས་སྒྱུར་དང་། ཇུས་འགོད་ཁྱད་ཆོས་གསར་གཏོད། དམིགས་འབེན་སྐུ་མགྲོན་ལ་ཞབས་འདེགས་ཞུ་བའི་ཚོགས་སྤྱི་རྒྱ་བསྐྱེད་དེ། སྒེར་གཤིས་ཅན་གྱི་སྒྲིག་བཟོ་ལམ་བུར་ཇི་ལྟར་བསྐྱོད་ན་དེ་ལྟར་ཇེ་ཡངས་སུ་གྱུར། 

སྔོན་གྱི་སྡེབ་མང་ཐོན་སྐྱེད་ནས་སྒེར་གཤིས་ཅན་གྱི་སྒྲིག་བཟོ་དང་། ཆིག་རྐྱང་གི་ཐོན་རྫས་ཚོང་ར་ནས་སྒེར་གཤིས་ཅན་གྱི་སྒྲིག་བཟོ། མིས་བཟོས་ཇུས་འགོད་ནས་ཇུས་འགོད་པའི་གཞི་གྲངས་མཛོད་བཙུགས་པ། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་མུ་མཐུད་དུ་རྒྱ་བསྐྱེད་པ། མི་དམངས་ཚོགས་ཁང་ཆེན་མོ་སོགས་སྤུས་ལེགས་ལས་གཞི་ལག་ཏུ་ཚུད་པ། རྩེ་རིམ་མགྲོན་ཁང་གི་མཐིལ་ཤིང་བཟོ་སྐྲུན་ལས་གཞི་བརྒྱ་ལྷག་གི་སྒྲུབ་འགན་ཕྲག་ཏུ་བླངས་པ། ཡོ་རོབ་དང་དབུས་ཤར་སོགས་རྒྱལ་ཁབ་དང་ས་ཁུལ40ལྷག་ལ་ཐོན་རྫས་ཕྱིར་ཚོང་བྱས་པ་སོགས། “ཁྱད་ལྡན་ཐོན་ལས་ཀྱིས་སྤུས་ལེགས་ཁེ་ལས་གསོ་སྐྱོང་དང་། ཁེ་ལས་འཕེལ་རྒྱས་ཀྱིས་ཐོན་ལས་མཐོར་འདེགས་ལ་སྐུལ་ཁྲིད་བྱས།” གནས་མཆོག་ས་གདན་ཀུང་སིས་ཕྲག་སྟེང་གི་འགན་ཁུར་ལྗིད་མོ་མ་བརྗེད་པར། གསར་གཏོད་རེ་རེ་ཁྲོད་དཔའ་སྤོབས་ཆེན་པོས་མདུན་དུ་བསྐྱོད་ཅིང་། བོད་རུམ་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།