ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གནམ་ཐང་གི་སྤྱི་སྤྱོད་རླངས་འཁོར་འགྲུལ་སྐྱེལ་ཞབས་ཞུ་སླར་གསོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་གནང་ཐང་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། ཡུལ་སྐོར་པའི་འགྲོ་འོང་དགོས་མཁོ་སྐོང་ཆེད། ཉེ་སྔོན་རིམས་ནད་ཤུགས་རྐྱེན་གྱིས་སྒོ་བརྒྱབ་པའི་ཟི་ལིང་མེ་འཁོར་ས་ཚིགས་དང་། ཟི་ལིང་གྲོང་ཁྱེར་བརྒྱད་གཅིག་ལམ་རླངས་འཁོར་ས་ཚིགས། ཟི་ལིང་གྲོང་ཁྱེར་ཝན་ཏ་ཝིན་ཧྭ་མགྲོན་ཁང་བཅས་ཀྱི་གནམ་ཐང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཟླ6པའི་ཚེས13ཉིན་འཁོར་རྒྱུག་སླར་གསོ་བྱ་རྒྱུ་རེད། 

ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ནས་གནམ་ཐང་གི་ལམ་ཐིག་ནི་མེ་འཁོར་འབབ་ཚིགས་ནས་གནམ་ཐང་དང་། བརྒྱད་གཅིག་ལམ་གྱི་རླངས་འཁོར་འབབ་ཚིགས་ནས་གནམ་ཐང་། གནམ་ཐང་ནས་ཟི་ལིང་གྲོང་ཁྱེར་གྱི་ལམ་ཐིག་དང་མཁར་དཀྱིལ་ཁུལ་གྱི་ལམ་ཐིག་མཉམ་འདྲེས་ངང་སྤྱོད་རྒྱུ་ཡིན་ཏེ། གནམ་ཐང་ནས་བརྒྱད་གཅིག་ལམ་རླངས་འཁོར་ས་ཚིགས་དང་། མེ་འཁོར་ས་ཚིགས་ཀྱི་ལྷོ་འགྲམ་ཐང་ཆེན་སྤྱི་སྤྱོད་རླངས་འཁོར་ས་ཚིགས། དཀྱིལ་སྙིང་ཐང་ཆེན(རྨ་ཆུའི་ལམ་སྤྱི་སྤྱོད་རླངས་འཁོར་ས་ཚིགས།)བར་གྱི་ལམ་ཐིག་ཡིན། གནམ་གྲུ་འཕུར་ཐེངས་ཀྱི་གནས་ཚུལ་ལ་གཞིར་བྱས་ནས་སྐར་མ30ནང་རླངས་འཁོར་གཅིག་རེ་གཏོང་བ་དང་། འགྲུལ་པ་ཁ་བཀང་ན་སྔོན་ལ་གཏོང་རྒྱུ་རེད། 

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནས་གནམ་ཐང་གི་ལམ་ཐིག་ནི་ཨི་ནྡྲ་ནི་ལ་མགྲོན་ཁང་ནས་གནམ་ཐང་བར་དང་། འབྲི་ཆུ་རྒྱལ་སྤྱི་གསོལ་མགྲོན་ཁང་ནས་གནམ་ཐང་བར་ཡིན། གནམ་ཐང་ནས་ཟི་ལིང་གྲོང་ཁྱེར་གྱི་ལམ་ཐིག་དང་མཁར་ཤར་ཁུལ་གྱི་ལམ་ཐིག་མཉམ་འདྲེས་ངང་སྤྱོད་རྒྱུ་ཡིན་ཏེ། གནམ་ཐང་ནས་བརྒྱད་གཅིག་ལམ་རླངས་འཁོར་ས་ཚིགས་དང་། མེ་འཁོར་ས་ཚིགས་ཀྱི་ལྷོ་འགྲམ་ཐང་ཆེན་སྤྱི་སྤྱོད་རླངས་འཁོར་ས་ཚིགས། རྨ་ཆུའི་ལམ་སྤྱི་སྤྱོད་རླངས་འཁོར་ས་ཚིགས་བར་གྱི་ལམ་ཐིག་ཡིན། གནམ་གྲུ་འཕུར་ཐེངས་ཀྱི་གནས་ཚུལ་ལ་གཞིར་བྱས་ནས་སྐར་མ30ནང་རླངས་འཁོར་གཅིག་རེ་གཏོང་བ་དང་། འགྲུལ་པ་ཁ་བཀང་ན་སྔོན་ལ་གཏོང་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ནས་གནམ་ཐང་བར་གྱི་ལམ་ཐིག་ནི་སུའོ་ཧྥེ་ཐུ་མགྲོན་ཁང་ནས་གནམ་ཐང་དང་། ཝན་ཏ་ཝིན་ཧྭ་མགྲོན་ཁང་ནས་གནམ་ཐང་བར་གྱི་ལམ་ཐིག་ཡིན་ལ། གནམ་ཐང་ནས་ཟི་ལིང་གྲོང་ཁྱེར་གྱི་ལམ་ཐིག་ནི་གནམ་ཐང་ནས་ཝན་ཏ་ཝིན་ཧྭ་མགྲོན་ཁང་དང་། དེ་ནས་སུའོ་ཧྥེ་ཐུ་མགྲོན་ཁང་བར་ཡིན། 

སྤྱི་སྤྱོན་རླངས་འཁོར་གྱི་ཆེད་སྤྱོད་ཞབས་ཞུ་ལས་གཞན། མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིས་ད་དུང་སྤུས་ལེགས་སྟབས་བདེ་ཡི་གྲོར་ཁྱེར་ནས་གནམ་ཐང་བར་གྱི་གླ་གཏོང་རླངས་འཁོར་དང་ཚོགས་འདུའི་རླངས་འཁོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།