ཀྲུང་གོ་བོད་ཀྱི་དྲ་བ།

སྤྲོ་གསེང་ཞིང་ལས་ཀྱིས་གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་གསར་པ་བསླངས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡིའུ་ཙུའེ་ཝན་མཛེས་ལྗོངས་ཁུལ།

        ལོ་མང་པོའི་སྔོན་གྱི་གྲོང་མཐའི་ཞིང་ལས་སྤྲོ་སྐྱིད་གླིང་ནས། ད་ལྟའི་སྡེ་བ་ཧྲིལ་བོ་དང་གྲོང་རྡལ་ཧྲིལ་བོ་ལྷན་དུ་འཕེལ་རྒྱས་འགྲོ་བའི་དམངས་སྒྲུབ་མགྲོན་ཁང་གི་བར་དུ། སྤྲོ་གསེང་ཞིང་ལས་དེ་མཐོ་སྒང་གི་ཡུལ་གྲུ་རུ་འདབ་ལག་རྒྱས་ཤིང་། ཞིང་སྡེའི་ཐོན་ལས་གསར་པ་དང་ལས་རིགས་གསར་པའི་རྣམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་མངོན་ཡོད། ན་ནིང་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་རིགས་མི་གཅིག་པའི་སྤྲོ་གསེང་ཞིང་ཕྱུགས་ལས་ཁེ་གཉེར་གཙོ་གཞིའི་དུད་ཁྱིམ2778ཡོད་ཅིང་། ཡུལ་སྐོར་པ་སྣེ་ལེན་བྱས་ཚད་མི་ཐེངས་ཁྲི1769.23ལ་སླེབས་པས། ལོ་སྔོན་མ་དང་བསྡུར་ན8.66%འཕར་ཡོད་ལ། ཁེ་གཉེར་ཡོང་འབབ་སྒོར་དུང་ཕྱུར19.40ཡོད་པ་ལས་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་ཡོང་འབབ་ནི་སྒོར་དུང་ཕྱུར4.62ཡིན་པ་དང་། ལོ་སྔོན་མ་དང་བསྡུར་ན37.98%འཕར་ཡོད།

མ་ཅི་སྡེ་བའི་གྲལ་དག་ལྷུན་ཆགས་ཀྱི་གྲོང་ཁྱིམ།

ཡིའུ་ཙུའེ་ཝན་མཛེས་ལྗོངས་ཁུལ་གྱི་དཔྱངས་ལམ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།