ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཝེ་ཏུང་གིས་ཡུས་ཧྲུའུ་ཁུལ་དུ་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན་ནས་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་ཏུ་སོང་ནས་འཕྲལ་བསྟུན་གྲ་སྒྲིག་འཁྲབ་སྦྱོང་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་སྐུལ་འདེད་མཐུན་འགྲིག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་དང་། འཕྲལ་བསྟུན་དོ་དམ་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། བདེ་འཇགས་ཉེན་ཁ་བཅོས་སྐྱོང་དང་། འཕྲལ་བསྟུན་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་གཞི་འཆར་འགོད་ལག་བསྟར་དམ་འཛིན་གྱིས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་སྲུང་བྱེད་པར་ཤུགས་སྣོན་དགོས་ཞེས་བསྟན།

ཝང་ཝེ་ཏུང་གིས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་སྒྲིག་བྱས་ཤིང་། སྐུ་དངོས་སུ་སྐུལ་འདེད་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་སྲུང་དང་། མཐའ་གཅིག་ཏུ་ཚད་མཐོན་པོའི་གཟབ་ནན་དང་། “དུས་ནམ་ཡང་ལྷོད་པ་མེད་པའི”འགན་འཁྲིའི་འདུ་ཤེས་ཀྱིས། བདེ་འཇགས་ཐོན་སྐྱེད་ཀྱི་ལོ་ངོ་གསུམ་གྱི་བྱེད་སྟངས་དང་། ཞིབ་བཤེར་ལྟ་སྐུལ་བྱ་བ་སྤེལ་བ་དང་། བདེ་འཇགས་འགོག་སྲུང་བྱེད་ཐབས་སོ་སོ་དོན་འཁྱོལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས། གནད་དོན་གྱི་ཁ་ཕྱོགས་དང་། མཇུག་འབྲས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་འགན་འཁྲི་དོན་འཁྱོལ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས་མེད་པར་བཟོས་ཏེ། ཉེན་ཁའི་རྩིས་ཐོ་འཐུས་ཚང་དང་། ཁྲིམས་འགལ་ལས་ཁུངས་ཀྱི་ཆད་གཅོད། འབུར་ཐོན་གནད་དོན་ཡོངས་སྒྲོག ཉེན་ཁའི་གནད་དོན་ཞུ་གཏུགས་སོགས་ཀྱི་བྱ་བའི་བྱེད་ཐབས་དོན་འཁྱོལ་དང་། བྱ་བའི་ཕན་འབྲས་སྟེང་ཤུགས་བསྣོན་དགོས། སྔར་ལས་ལྷག་པའི་སྒོ་ནས་འཕྲལ་བསྟུན་གྲ་སྒྲིག་འཐུས་ཚང་དང་། ལས་སྣོན་གོ་རིམ་ཞིབ་ཚགས་སུ་བཏང་སྟེ། རྒྱུན་རྣམ་ཅན་དང་དངོས་འཐབ་ཅན་གྱི་འཁྲབ་སྦྱོང་སྤེལ་ཏེ། མུ་མཐུད་ནས་སྤྱི་ཚོགས་ཡོངས་ཀྱི་འཕྲལ་བསྟུན་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ལས་གཞི་འཆར་འགོད་དང་། ལས་གཞི་གསོག་ཉར། ལས་གཞི་བརྩོན་ལེན་བཅས་བྱས་ནས། བཟོ་སྐྲུན་ལས་གཞི་བསྐྱར་སྐྲུན་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། དངུལ་གཏོང་མུ་མཐུད་ནས་འཕར་བསྣོན་འབྱུང་བར་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།