ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ལྟ་སྐུལ་འགན་འཁྲི་དང་པོར་གཞི་བཙུགས་ནས་ལྷག་བསམ་རྣམ་དག་དང་འགན་འཁྲི་གཙང་སྒྲུབ་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་འཚོགས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་ལས་གཅིག་གྱུར་དང་། ཐུན་མོང་ངོས་འཛིན་གྱི་སྟོབས་ཤུགས་གཅིག་སྒྲིལ། བྱ་སྤྱོད་དོན་འཁྱོལ་ལ་དམ་འཛིན་ནན་མོ་བཅས་བྱས་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་དབྱང་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་གཏམ་བཤད་གནང་།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་སྒྲིག་བཤེར་ལྟ་ཞིབ་བྱ་བར་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཏོན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་བརྟན་སྲུང་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བློ་རྩ་བརྟན་པོས“གཏན་འབེབས་གཉིས”སྲུང་སྐྱོབ་དང་། མཐའ་གཅིག་ཏུ“སྲུང་སྐྱོང་གཉིས”བྱེད་ཐུབ་པ། ལྟ་སྐུལ་འགན་འཁྲི་དང་པོར་གཞི་འཛུགས་པ། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱེད་པ། རྒྱུན་གཏན་བདེ་འཇགས་ཀྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་བར་འཁོད་པའི་སྤྱི་ཚོགས་ཁོར་ཡུག སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཕྲག་ཏུ་འཁུར་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལྟ་སྐུལ་དང་འགན་སྲུང་ལག་བསྟར། འཐུས་ཚང་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། མཚམས་མ་ཆད་པར་མཚོ་སྔོན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་སྐྲུན་བྱེད་པ་དང་། “དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག་”འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བར་སྲ་བརྟན་གྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་སྲུང་འདོན་སྤྲོད་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།