ཀྲུང་གོ་བོད་ཀྱི་དྲ་བ།

མངག་བཅོལ་ཟབ་མོ་ཡིད་ལ་བཟུང་ནས་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1654738115930460.jpg

གྲོང་མི་རྣམས་ཀྱིས་སྤྱི་གླིང་དུ་སྐྱིད་པའི་འཚོ་བ་ལོངས་སྤྱོད་བྱེད་བཞིན་པ།

1654738126300868.jpg

སྐྱེ་ཁམས་དཔལ་ཡོན་སློབ་གསོར་ཤུགས་བསྣན་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་རྣམ་པ་ཡག་པོ་སྐྲུན་པ།

1654738131788324.jpg

མང་ཚོགས་ཀྱིས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་གྱི་གྲུབ་འབྲས་ཕུལ་བྱུང་རོལ་མྱོང་བྱེད་བཞིན་པ།

1654738140900047.jpg

དམངས་ཡོངས་ལུས་སྦྱོང་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་བསྐངས་བ།

1654738148317420.jpg

དཔེ་ཀློག་གི་སྤྲོ་སྣང་ལོངས་སྤྱོད་བྱེད་པ།

1654738155750160.jpg

སྐྱེ་ཁམས་འབྲོག་ཁུལ་གསར་བ་དང་འབྲོག་མིའི་འཚོ་བ་གསར་བ།

1654738165473973.jpg

གྲོང་གསེབ་ཡུལ་སྐོར་གྱི་རྩེད་འཇོ་རོལ་བ།

1654738174151362.jpg

རྒྱང་བསྟེན་བརྟག་དཔྱད། ཤེས་རིག་སྨན་བཅོས།

1654738181580869.jpg

མྱུར་སྐྱེལ་ཞབས་ཞུ་ཡིས་དེང་རབས་འཚོ་བར་སྟབས་བདེ་བསྐྲུན་པ།

1654738188882641.jpg

འཕྲུལ་མི་སློབ་གསོས་བྱིས་པ་རྣམས་ཀྱི་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་པ།

སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་ནི་དམངས་འཚོའི་བདེ་སྐྱིད་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། མང་ཚོགས་ལ་བཅོས་སྐྱུར་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་དེ་ཡིན། ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་དེ་འཕེལ་རྒྱས་ཀྱི་འགུལ་ནུས་ཆེན་པོ་རུ་བསྒྱུར་ཏེ། དངོས་གཉེར་བསྐྱར་སྐྱོད་དང་འབད་འབུངས་ཡར་བརྩོན་གྱིས་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། དམངས་ཕན་བྱེད་ཐབས་མང་པོ་ཞིག་ལག་བསྟར་བྱས་ལ། བྱིས་པར་གཉོར་སྐྱོང་བྱེད་མཁན་ཡོད་པ། སློབ་སྦྱོང་ལ་ཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་ལ་སྨན་བཅོས་ཡོད་པ། རྒས་ལ་འཚོ་རྟེན་ཡོད་པ། འདུག་པར་ཁང་བ་ཡོད་པ། ཉམ་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཕྱོགས་ནས་ཕྱོགས་ཡོངས་ཀྱི་འགན་སྲུང་བྱེད་ཐབས་བཟོས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་མཐོར་འདེགས་བཏང་ནས། རིགས་སོ་སོའི་མི་དམངས་ལ་ངོ་གནོང་མི་དགོས་པའི་བདེ་སྐྱིད་ཀྱི་རྒྱུགས་ལེན་ཡག་པོ་ཞིག་སྤྲོད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།