ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གིས་མཚོ་སྔོན་ལེན་ཐུང་དང་མཉམ་དུ“5Gརིག་ལྡན་གྲོང་ཁྱེར”བསྐྲུན་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོ་ལེན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི(གཤམ་དུ་མཚོ་སྔོན་ལེན་ཐུང་ཞེས་བསྡུ་རྒྱུ)“5Gརིག་ལྡན་གྲོང་ཁྱེར”འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་འཇོག་པའི་མཛད་སྒོ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ནས་འཚོགས་ཤིང་། དེའི་དམིགས་ཡུལ་ནི་མཚོ་ཤར་གྱི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་དང་གྲངས་འཛིན་སྲིད་གཞུང་འཕེལ་རྒྱས་ཀྱི་ལས་སྟེགས་གསར་བ་བཏོད་དེ། མཚོ་ཤར་གྲོང་ཁྱེར་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་མཐུད་ངང་ཇེ་མགྱོགས་སུ་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་དག་ལ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། མ་འོངས་པའི་ལོ་ལྔའི་རིང་མཚོ་སྔོན་ལན་ཐུང་གིས་རྒྱུན་མཐུད་ངང་མ་དངུལ་སྒོར་དུང་ཕྱུར7བཏང་ནས། མཚོ་ཤར་གྲོང་ཁྱེར་དུ“ཀྲའོ་སྟོང་གཉིས་ཅན”གྱི་དྲ་རྒྱ་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་མཐུད་ངང་ཇེ་མགྱོགས་སུ་གཏོང་བ་དང་། རྐང་འཛིན་དྲ་རྒྱ་རིམ་སྤོར་དང་རྒྱ་སྐྱེད་དུ་གཏོང་བ། 5Gགཞི་ཁྱོན་གྱི་དྲ་རྒྱ་དང་དེ་བཞིན་འོད་སྐུད་དྲ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཀྲའོ་སྟོང་གཅིག་ཅན་གྱི་འོད་སྐུད་དྲ་བའི་སྒྱུར་བཀོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྡོད་ཁུལ་དང་ཚོང་ལས་ཐོག་ཁང་། ཐོན་ལས་གླིང་ཁུལ་སོགས་གཙོ་གནད་ས་ཁོངས་སུ་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།