ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་དུ་གཅེས་སེམས་མཚོན་པའི་རླངས་འཁོར600ཡིས་རྒྱུགས་སྤྲོད་སློབ་མ་རྒྱུགས་རར་བསྐྱལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། ལོ་བཅུའི་རིང་དཀའ་སྤྱད་མྱངས་པའི་མཐོ་རྒྱུགས་སློབ་མ་དག་རྒྱུགས་རར་བསྐྱོད་བཞིན་ཡོད། དེ་དང་ཆབས་ཅིག“གཅེས་སེམས་ངང་རྒྱུགས་སྤྲོད་སློབ་མ་བསྐྱལ་བ”ཞེས་མཚོན་རྟགས་བཀོད་ཡོད་པའི་རླངས་འཁོར600སྔ་མོ་ནས་ཐོན་ཏེ། ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་སྤྱི་ཕན་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། 

རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་དཀའ་སྡུག་གང་མང་མྱངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། རྒྱུགས་སྤྲོད་སློབ་མར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་རྒྱུགས་སྤྲོད་ཞབས་ཞུ་མཁོ་འདོན་བྱ་ཆེད། རྒྱུགས་ལེན་ལས་ཁུངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གླ་གཏོང་སྐྱེལ་འདྲེན་ཁེ་ལས་ཁྲོད་ནས་རླངས་འཁོར་ཆེས་བཟང་བ་དང་ཁ་ལོ་བའི་ལག་རྩལ་བྱང་དུ་ཆུབ་ཡོད་པའི་གླ་གཏོང་རླངས་འཁོར600ལེགས་འདེམས་བྱས་ནས་ཐེངས་འདིའི་མཐོ་རྒྱུགས་སློབ་མ་སྐྱེལ་བའི་བྱ་འགུལ་ནང་ཞུགས་སུ་བཅུག གླ་གཏོང་རླངས་འཁོར་རེ་རེའི་ཁ་ཐུམ་དང་དུག་སེལ་གཤེར་ཁུ་སོགས་རིམས་འགོག་མཁོ་ཆས་གྲ་སྒྲིག་བྱས་ཏེ་རིམས་འགོག་ལས་དོན་སྔར་བཞིན་ཏན་ཏིག་གིས་སྤེལ་བཞིན་ཡོད། 

“གཅེས་སེམས་ངང་རྒྱུགས་སྤྲོད་སློབ་མ་བསྐྱལ་བ”ཞེས་པའི་སྤྱི་ཕན་བྱེད་སྒོ་འདི2022ལོའི་བར་བསྟུད་མར་ལོ17ལ་གཉེར་བ་དང་། དེའི་ནང་ཞུགས་པའི་མི་གྲངས་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་། སྤྱི་ཚོགས་སྟེང་ཤུགས་རྐྱེན་ཐེབས་ཤུགས་ཀྱང་རྒྱུན་མཐུན་ངང་ཆེ་རུ་ཕྱིན་པས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་ཆེན་པོ་ཐོབ་ཡོད། ན་ནིང་དང་བསྡུར་ན་ད་ལོའི་རྒྱུགས་སྤྲོད་སློབ་མ་བསྐྱལ་བའི་རླངས་འཁོར་དེ་བས་ཆེད་ལས་ཅན་དང་། རྒྱུགས་སྤྲོད་སློབ་མ་བསྐྱལ་བའི་ཞབས་ཞུ་དེ་བས་ཞིབ་ཚགས་ཅན་དང་། རྒྱུགས་སྤྲོད་སློབ་མ་བསྐྱལ་བའི་དྲིལ་བསྒྲགས་དེ་བས་རྒྱུ་མང་ཅན་དུ་འགྱུར་བཞིན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།