ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་ལུང་རྫོང་གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས6ཉིན་གྱི་སྒྲོག་འགྲེལ་ཡུལ་དངོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་གཏིང་ཟབ་བྱ་ཆེད། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཝུའུ་ཞི་གཞུང་ལས་ཁང་དུ་བཅའ་སྡོད་བྱེད་པའི་ལས་སྒྲུབ་མི་སྣས་མགྱོགས་མྱུར་ངང་འགུལ་སྐྱོད་བྱས་ཏེ། དཔའ་ལུང་གི་དུས་རབས་གསར་པའི་དཔལ་ཡོན་ཀྱི་དང་བླངས་པ་དང་འཐེན་ཐུག་ཟ་ཁང་གི་ལས་ཞུགས་མི་སྣ་སྐོང་ཚོགས་བྱས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། དཔའ་ལུང་གི་འཐེན་ཐུག་གི་ལས་རིགས་གཉེར་མཁན་དག་གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། འཐེན་ཐུག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྔར་ལས་ཆེ་རུ་བཏང་སྟེ། གྲོང་གསེབ་དར་སྤེལ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པའི་ལྕག་སྐུལ་གནང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།