ཀྲུང་གོ་བོད་ཀྱི་དྲ་བ།

ཡངས་བའི་མདུན་ལྗོངས་རེ་བས་ཁེངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལངས་ཕྱོགས་མཐོན་པོའི་འཆར་འགོད་དང་། མགོ་རྩོམ་ས་མཐོན་པོའི་བཀོད་སྒྲིག ཚད་གཞི་མཐོན་པོའི་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབྲེལ་ཡོད་པུའུ་ཨུ་དང་མཉམ་འབྲེལ་གྱིས་འགུལ་སྐྱོད་ཀྱི་ཇུས་གཞི་བཟོས་པ་དང་། ཞིང་ཆེན་དང་པུའུ་ཡིས་མཉམ་འབྲེལ་གྱིས་སྐུལ་འདེད་གཏོང་བའི་ལམ་སྲོལ་བཟོས་ནས། “གནས་བཞི”འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།  

 2021ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་གཏོད་དགོས་པར་ནན་གྱིས་བསྟན། འདི་ནི་སྤྱི་ཁྱབ་ཧྲུའུ་ཅིས་རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཐབ་ཇུས་དང་ཐབས་ལམ་བཀོད་སྒྲིག་བྱས་པ་ཞིག་ཡིན་པས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན།

  མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལངས་ཕྱོགས་མཐོན་པོའི་འཆར་འགོད་དང་། མགོ་རྩོམ་ས་མཐོན་པོའི་བཀོད་སྒྲིག ཚད་གཞི་མཐོན་པོའི་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབྲེལ་ཡོད་པུའུ་ཨུ་དང་མཉམ་འབྲེལ་གྱིས་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་པ་དང་། ཞིང་ཆེན་དང་པུའུ་ཡིས་མཉམ་འབྲེལ་གྱིས་སྐུལ་འདེད་གཏོང་བའི་ལམ་སྲོལ་བཟོས་ནས། “གནས་བཞི”འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།

འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་བ།

2021ལོར་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར331ལ་སླེབས་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་སྲུང་སྐྱོང་གི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་མགྱོགས་མྱུར་སྒོས་བསྐྲུན་ནས། མཚོ་སྔོན་སློབ་ཆེན་གྱི“ལས་སྟེགས་གཉིས་དང་སློབ་གླིང་གཅིག ལྟེ་གནས་གཉིས”འཛུགས་སྐྲུན་བྱེད་པར་བརྟན་འཇགས་སྒོས་སྐུལ་འདེད་བཏང་ཞིང་། ཁིལ་ལིས་རྫས་དག་མའི་གནད་འགག་གི་ལག་རྩལ་ཐོལ་བརྒལ་བྱེད་པ་ལེགས་འགྲུབ་བྱུང་བ་མ་ཟད། རྒྱལ་ནང་གིIBCགློག་རྫས་བཟོ་ལས་ཅན་གྱི་ཐོན་ཚད་སྔོན་ལ་མངོན་འགྱུར་བྱུང་།

ཐོན་ཁུངས་ཀྱི་ལེགས་ཆ་འབུར་དུ་བཏོད་དེ། ཐོན་སྐྱེད་འཆར་འགོད་དང་ནུས་ཤུགས་གསར་གཏོད། ལག་རྩལ་ཞབས་ཞུ་སོགས་ཀྱི་བྱ་ཐབས་ཇེ་མཐོར་བཏང་བ་བརྒྱུད། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་མུ་མཐུད་དུ་མཐོ་རུ་བཏང་ནས། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ལ་ཐོལ་བརྒལ་གསར་པ་བྱུང་ཡོད།

རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ཤུགས་ཆེན་པོས་བསྐྲུན་པ། 

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་བཟུང་ནས། ནུས་རྒྱུ་གཙང་མའི་བསྡུར་ཚད་མཐོ་བ་དང་། སྤུས་ཚད་མཐོ་བ། རྟེན་གཞི་ཅན། ལེགས་བསྡུས་ཅན་བཅས་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། ནུས་རྒྱུ་གཙང་མའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས།

མཚོ་སྔོན་དང་ཧོ་ནན་གྱི་ཐད་རྒྱུག་གི་རྒྱལ་ཡོངས་ཀྱི་བསྡུར་ཚད་མཐོ་བའི་ནུས་རྒྱུ་གཙང་མའི་མཐོ་གནོན་གློག་འདྲེན་བགྲོད་ལམ་ཐོག་མ་དང་། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་ཆུ་འོད་གསབ་རེས་ཀྱི་རྣམ་གྲངས། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ནུས་རྒྱུ་གསར་པའི་གཞི་གྲངས་ཆེན་མོའི་ལྟེ་གནས་ཐོག་མ་བཅས་འཛུགས་སྐྲུན་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དྭངས་གཙང་དྲོད་ལེན་ཚོད་ལྟ་བྱེད་ཁྱོན་ཆེ་རུ་བཏང་ནས། ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱིས་དམངས་འཚོ་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་མུ་མཐུད་དུ་རམ་འདེགས་བྱས་ཡོད།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་འབད་པས་བསྐྲུན་པ། 

སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ནས། རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ཁྱབ་ཚུལ་་ལེགས་སྒྱུར་བྱེད་པ། ཐོན་རྫས་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཞབས་ཞུ་སྤུས་ཚད་མཐོར་འདེགས་པ་བཅས་ཀྱིས། སྐྱེ་ཁམས་ཡུལ་སྐོར་གྱི་གོམ་སྟབས་གསར་པ་སྤོས། 

2021ལོར་ཞིང་ཆེན་ཡོངས་སུ་ཡུལ་སྐོར་པ་མི་ཐེངས་ཁྲི3937.42སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་སྒོ་སྒོར་དུར་ཕྱུར349.9ལ་སླེབས། རྨ་ལྷོ་ཁུལ་དང་ཟི་ལིང་གྲོང་ཁྱེར་གཉིས་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཚོད་ལྟའི་ས་ཁུལ་དུ་བདམས། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ལ་ཆོག་མཆན་ཐོབ། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་ཞིན་ཅང་། མཚོ་སྔོན་དང་ཀན་སུའུ་བཅས་ས་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་ཆེན་མོ་བསྐྲུན། རིག་གནས་ཡུལ་སྐོར་དུས་ཆེན་དང་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་དམངས་ཕན་སོགས་བྱེད་སྒོ་རབ་དང་རིམ་པ1500ལྷག་སྤེལ་ཏེ། མཛེས་སྡུག་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་ཞེས་པའི་ཚོང་རྟགས་འཛམ་གླིང་དུ་བསྐྱོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།