ཀྲུང་གོ་བོད་ཀྱི་དྲ་བ།

དངོས་སྐྱེལ་རླངས་འཁོར་གྱི་ལམ་ཡིག་དྲ་ཐོག་ནས་བླངས་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམས་འགོག་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་གི་་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་སྟེ། དངོས་ཟོག་གཙོ་གནད་སྐྱེལ་འདྲེན་བདེ་བླག་ཡིན་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་ཆེད། ཞིང་ཆེན་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་འགན་སྲུང་འགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་འགྲོ་འོང་ལམ་ཡིག》(གཤམ་དུ《ལམ་ཡིག》ཅེས་བསྡུ་རྒྱུ)དྲ་ཐོག་ནས་བསྒྲུབ་རྒྱུ་སྔར་ལས་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་མ་ཟད། ཟླ6པའི་ཚེས1ཉིན་གྱི་ཆུ་ཚོད24ཐོག་དྲ་ཐོག་ནས་བསྒྲུབ་རྒྱུའི་གཏན་འཁེལ་བྱས།

དེའི་སྐབས་སུ། ཁེ་ལས་ཀྱིས་སྐད་འཕྲིན་བེད་སྤྱད་ནས“མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གྱི་གློག་རྡུལ་ལམ་ཡིག”གི་བྱ་རིམ་ཆུང་བུའི་འཚོལ་ཞིབ་བྱས་ནས། དངོས་ཟོག་གི་རིགས་ལྟར་ལས་རིགས་གཙོ་གཉེར་སྡེ་ཁག་ལ་རེ་ཞུ་བྱས་ཏེ་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ཞིབ་དཔྱད་བྱས་ནས་ཆོག་མཆན་ཐོབ་རྗེས། རང་འགུལ་ངང《ལམ་ཡིག》བཟོས་པ་དང་། དངོས་འདྲེན་སའི་མི་སྣས་རང་འགུལ་ངང་གློག་རྡུལ་དཔར་པའམ་ཡང་ན་གློག་རྡུལ་པར་གཞིའི《ལམ་ཡིག》བླངས་ཆོག་པ་དང་བཀོལ་སྤྱོད་བྱས་ཆོག་པ་རེད། ཞིབ་ཕྲའི་བཀོལ་སྤྱོད་གོ་རིམ“མཚོ་སྔོན་འགྲིམ་འགྲུལ”གྱི་གཞུང་ཕྱོགས་དྲ་ཚིགས་སྟེང་ཡོངས་བསྒྲགས་བྱས་པའི《“མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་གཏོང་ཆོག་པའི་ལམ་ཡིག》གྱི་དྲ་ཐོག་ལས་སྒྲུབ་བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་སྒྲོག” དཔྱད་གཞི་བྱས་ཆོག 

ཐེངས་འདིའི《ལམ་ཡིག》དྲ་ཐོག་ནས་བསྒྲུབ་ཆོག་པ་དེས། མང་ཚོགས་ལ་སྟབས་བདེ་སྐྲུན་པ་དང་། སྒོ་ཕྱི་རུ་འགྲོ་མི་དགོས་པར་དྲ་སྟེང་ནས་འགྲོ་ལུག་ཡོད་ཚད་སྒྲུབ་ཆོག་པ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།