ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་བྱ་འགུལ་ཆེན་པོ9ལག་བསྟར་བྱས་ནས་ལས་ཞུགས་དུས་བབ་བརྟན་བརླིང་དུ་གཏོང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ཕན་འབྲས་ཆེ་ཆེར་གཏོང་བའི་ལས་གཞིའི་ལག་བསྟར་ཇུས་གཞི》འགྲེམས་སྤེལ་བྱས་ནས། ཐོན་ལས་འཕེལ་རྒྱས་དང་ལས་གནས་བསྐྲུན་པའི་བྱ་འགུལ་དང་། དཀའ་ངལ་སེལ་རོགས་དང་ལས་གནས་བརྟན་འཇགས་སུ་གཏོང་བའི་བྱ་འགུལ། ངལ་ནུས་སྤུས་རྟགས་བཏོད་པའི་བྱ་འགུལ། བྱ་གཞག་གསར་སྐྲུན་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སོགས་བྱ་འགུལ་ཆེན་པོ9སྤེལ་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་དང་བྱ་གཞག་གསར་སྐྲུན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལས་ཞུགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་འཇགས་ཡོང་བར་འགན་ལེན་བྱས། 

ཐོན་ལས་འཕེལ་རྒྱས་དང་ལས་གནས་རྒྱ་སྐྱེད་པའི་བྱ་འགུལ་སྤེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཀྱི་མཐོ་ས་དང་ཐོན་ལས་གནས་བཞིའི་འཛུགས་སྐྲུན་ལ་དམིགས་ནས། གསར་དུ་ཞུགས་པའི་བཟོ་ལས་དང་ཁེ་ལས་སྐྱེད་སྲིང་བྱེད་པ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་བྱེད་པ་དང་། ལས་གནས་བརྟན་པོ་ཡོང་བའི་བྱ་འགུལ་སྤེལ་ནས་ཁྲལ་འཕྲི་ཡོན་གཅོག་དང་། ལས་གནས་བརྟན་བརླིང་དང་ཕྱིར་སློག་དངུལ་འཇལ། ལས་མི་ཁ་གསབ་སོགས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གང་མྱུར་སྒོས་སྲིད་ཇུས་བཀོལ་སྤྱོད་བྱེད་དུ་བཅུག་ནས་ཁྲོམ་ར་གཙོ་བོའི་ལས་ཞུགས་བརྟན་འཇགས་དང་དམངས་འཚོ་འགན་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱས། གཞོན་ནུའི་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ་དང་། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་སྐྲུན་གྱི་ཞབས་ཞུར་ཤུགས་སྣོན་པ། གཞོན་ནུའི་ཚོགས་སྤྱིའི་ལྟ་སྦྱོང་གི་ནུས་པ་ཆེ་རུ་གཏོང་བ། ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་ལས་མི་བསྡུ་བའི་བྱ་བ་ཡག་པོ་སྒྲུབ་པ། གཞོན་ནུའི་ཚོགས་སྤྱིའི་ལས་ཞུགས་དང་བྱ་གཞག་གསར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་རོགས་སྐྱོར་བྱ་འགུལ་སྤེལ་ནས་ཡུན་རིང་ལ་ལས་ཤོར་བྱུང་བའི་མི་སྣ་དང་། ལས་ཞུགས་བྱེད་མི་ཐུབ་པའི་ཁྱིམ་ཚང་། དབུལ་ཐར་བྱས་ཏེ་ངལ་རྩོལ་ནུས་ཤུགས་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་དགོས་མཁོར་དམ་པོར་དམིགས་ཏེ། འགུལ་རྣམ་དོ་དམ་དང་རིགས་དབྱེ་རོགས་སྐྱོར་ལ་ཤུགས་སྣོན་པ། ཞིང་པ་ལས་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་ལས་ཤོར་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བའི་བྱ་ཐབས་གཅིག་གྱུར་བཟོས་པ་དང་། ཕྱོགས་ཡོངས་ནས་ལས་ཞུགས་དང་བྱ་གཞག་གསར་སྐྲུན་གྱི་ལས་དོན་ལ་རོགས་སྐྱོར་བྱས། ནུས་རྩལ་གསོ་སྦྱོང་མཐོ་རུ་གཏོང་བའི་བྱ་འགུལ་སྤེལ་ནས་ལས་རིགས་ནུས་རྩལ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ལས་བཟོ་བ། བྱང་ཚད་མཐོ་བའི་རོང་འབྲོག་མང་ཚོགས་ཀྱི་སློབ་གསོ་སོགས་རིགས་སོ་སོའི་གསོ་སྦྱོང་བྱས་ཏེ། ངལ་རྩོལ་པའི་ལས་ཞུགས་དང་བྱ་གཞག་གསར་སྐྲུན་གྱི་ནུས་པ་ཇེ་ཆེར་བཏང་། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།