ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་གསུམ2022ལོའི་ཚན་རིག་པའི་བསམ་པའི་སློབ་གསོའི་རྟེན་གཞིའི་ནང་ཚུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས24ཉིན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས2022ལོའི་ཚན་རིག་པའི་བསམ་པའི་སློབ་གསོའི་རྟེན་གཞིའི་གཏན་འཁེལ་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་ལས་ཁུངས140ཚན་རིག་པའི་བསམ་པའི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས། མཚོ་སྔོན་ཞིང་ཆེན་གྱིས་འོས་སྦྱོར་བྱས་པའི་མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དང་། འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་བསམ་པའི་འགྲེམས་སྟོན་ཁང་སོགས་ལས་ཁུངས3མིང་ཐོ་དེའི་ནང་ཚུད་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ཚན་རིག་པའི་བསམ་པའི་སློབ་གསོ་རྟེན་གཞི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱས་པའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། དུས་རབས་གསར་པ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་ཚན་རྩལ་ཡར་ཐོན་དང་། དམངས་འཚོ་ལེགས་བཅོས། རྒྱལ་ཁབ་འཕེལ་རྒྱས་བཅས་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཚན་རིག་པ་མི་སྒེར་དང་ཚོགས་པའི་སྔོན་ཐོན་བྱས་རྗེས་འགྲེམས་སྟོན་དང་དྲིལ་བསྒྲགས། སློབ་གསོའི་ནུས་པ་ལྡན་པའི་དཔེ་སྟོན་རང་བཞིན་གྱི་བྱེད་སྒོ་སྤེལ་ཡུལ་ཞིག་རེད། 

ཚན་རིག་པའི་བསམ་པའི་སློབ་གསོའི་རྟེན་གཞིའི་འོས་སྦྱོར་ལས་དོན་སྤེལ་རྒྱུ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རྩལ་ལས་རིགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། 《ཚན་རིག་པའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་བའི་སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། 

རྗེས་མར། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་མིང་ཐོ་ནང་བདམས་པའི་ལས་ཁུངས་སོ་སོ་མུ་མཐུད་དུ་སྒྲིག་འཛུགས་བྱས་ཏེ།  འབྲེལ་ཡོད་ཀྱི་ཚན་རིག་པ་འཁྲུངས་པའི་དྲན་གསོའི་ཉིན་མོ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོ། རྒྱལ་ཡོངས་ཀྱི་ཚན་རྩལ་གཟའ་འཁོར་སོགས་གལ་ཆེའི་དུས་ཚིགས་ནང་། ཚན་རྩལ་ལས་སྒྲུབ་པ་དང་སྤྱི་ཚོགས་ཀྱི་མང་ཚོགས་ལ་ཁ་ཕྱོགས་ཏེ་ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་གསལ་ཡིན་པ། ཕན་འབྲས་ལྡན་པ། རྣམ་པ་མང་བའི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་པའི་སྙིང་སྟོབས་རབ་དང་རིམ་པའི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཚན་རིག་པའི་རྒྱལ་གཅེས་གསར་གཏོད་འབད་འཐབ་ཀྱི་གཏམ་རྒྱུད་རྒྱུན་མཐུད་ངང་ལེགས་པར་བཤད་དེ། སྤྱི་ཚོགས་ཡོངས་སུ་ཤེས་བྱར་བརྩི་མཐོང་དང་། གསར་གཏོད་ལ་བརྩི་མཐོང་། ཤེས་ལྡན་མི་སྣར་བརྩི་འཇོག ཚན་རིག་ལ་དགའ་ཞེན། ཚན་རིག་ལ་བློས་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།