ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་མངའ་ཁོངས་ཀྱི་གསོ་རིག་གསོ་བཅོས་ལྟེ་གནས་དང་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཀྲུང་གོའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་ལངས་གནས་མཐོན་པོ་དང་སྤུས་ཚད་མཐོ་བས་སྐུལ་འདེད་གཏོང་བ། སྤྱི་པའི་འཕྲོད་བསྟེན་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་གཏིང་ཟབ་མོས་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པར་མི་དམངས་ཀྱི་བདེ་ཐང་སྲུང་བར་སྟོབས་དང་ལྡན་པའི་འགན་སྲུང་མཁོ་སྤྲོད་བྱེད་དགོས། 

མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཆེད་སྦྱོང་ཚན་ཁག་སྨན་ཁང་དུ། ཝུའུ་ཞའོ་ཅུན་གྱིས་མཐོ་སྒང་ནད་ཞིབ་འཇུག་ལྟེ་གནས་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོའན་ཧྲི་ཝུའུ་ཐེན་དབྱི་དང་ཚོགས་པའི་ཁོངས་མི་དང་བརྗེ་རེས་བྱས། ཝུའུ་ཐེན་དབྱི་ཡིས་དུས་དང་རྣམ་པ་ཀུན་ཏུ་མདོ་དབུས་མཐོ་སྒང་སྲུང་བ་དང་། མཐོ་སྒང་མི་དམངས་ཀྱི་བདེ་ཐང་སྲུང་བར་བྱས་རྗེས་གལ་ཆེན་བཞག་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་དང་བླ་ན་མེད་པའི་གུས་འདུད་ཞུས། ཁོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་བརྩེ་བའི་ཐུགས་ཁུར་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་དངོས་ཡོད་འགུལ་སྐྱོད་དུ་བསྒྱུར་བ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་མཐོ་ཚད་ནས། སྔར་ལས་ལྷག་པར་སྤུས་ལེགས་ཐོན་ཁུངས་ལེགས་སྒྲིག་དང་རིག་ཚན་འཛུགས་སྐྲུན་དང་། འཇོན་མི་རུ་ཁག་འཛུགས་སྐྲུན་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། མཐོ་སྒང་གསོ་རིག་ཞིབ་འཇུག་གི་ཕྱོགས་བསྡུས་སྟོབས་ཤུགས་མུ་མཐུད་དུ་མཐོར་བཏེགས་ཏེ། མཐོ་སྒང་གསོ་རིག་ཞིབ་འཇུག་མཐོ་ས་བསྐྲུན་དགོས། ཝུའུ་ཐེན་དབྱི་དང་ཚོགས་པས་ཚན་རིག་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། སྣེ་ཁྲིད་དཔེ་སྟོན་ནུས་པ་ལེགས་པར་འདོན་པ། མཐོ་སྒང་གསོ་རིག་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ལག་ལེན་གྱི་གདོང་མཆོང་པ་ལེགས་པར་བྱས་ཏེ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བའི་ཆེན་དུ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། 

རྒྱལ་ཁབ་མངའ་ཁོངས་ཀྱི་གསོ་བཅོས་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ལས་གཞི་འཛུགས་སྐྲུན་གྱི་འཆར་འགོད་ང་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སྒྲིག་གཞི་བཀོད་སྒྲིག་དང་ཤོང་ཚད་ནུས་པ། རྒྱུ་རྐྱེན་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་འདྲི་རྟོག་ཞིབ་མོ་བྱས་པ། ཡུལ་དངོས་གཞུང་སྒྲུབ། འཛུགས་སྐྲུན་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་མངའ་ཁོངས་ཀྱི་གསོ་བཅོས་ལྟེ་གནས་འཛུགས་སྐྲུན་ནི་དམངས་འཚོ་བདེ་ཐང་ཕན་བདེ་དང་འབྲེལ་བའི་དོན་ཆེན་ཡིན་པ་དང་། རང་ཞིང་གི་གསོ་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། འབྲེལ་ཡོད་གསོ་བཅོས་སྡེ་ཁག་ཆེད་ལས་ལག་རྩལ་དང་གསོ་བཅོས་རིག་ཚན་གྱི་དགེ་མཚན་ཕུན་སུམ་ཚོགས་པར་འདོན་པ་དང་། སྔ་མོ་ནས་ཇུས་བློ་ནན་ཏན་འགོད་པ། རྗེས་ཕྱོགས་བེད་སྤྱོད་ནང་འཇུག་ལ་སྟོབས་དང་ལྡན་པའི་གསོ་བཅོས་ཚན་རིག་ཞིབ་འཇུག་ལ་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཏེ། རང་ཞིང་གི་གསོ་བཅོས་སྤུས་ཚད་དང་ཞབས་ཞུ་ཆུ་ཚད་མཐོར་འདེགས་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་མངའ་ཁོངས་གསོ་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་འཐབ་ཇུས་རང་བཞིན། དགོས་གལ་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། བྱེད་པོའི་འགན་འཁྲི་ངེས་པ་དོན་གྱིས་ཕྲག་ཏུ་ལེན་པ། རང་རང་སོ་སོའི་ལས་འགན་ལ་རྐང་འཛུགས་པ། མ་ལག་ཆ་ཚང་བའི་སྲིད་ཇུས་བྱེད་ཐབས་ཞིབ་ཅིང་དངོས་ལ་འབེབས་པ། མཚམས་ཚིགས་དམིགས་འབེན་ལ་དམ་པོར་དམིགས་པ། བཟོ་སྐྲུན་སྤུས་ཚད་དང་ཨར་ལས་བདེ་འཇགས་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་། མགོ་རྩོམ་ས་མཐོན་པོས་ཇུས་འགོད་དང་། ཕན་ཕྱོད་མཐོན་པོས་ཨར་ལས་སྒོས། ལས་གཞི་སྔ་མོ་ནས་འགྲུབ་ཅིང་ཞིབ་བཤེར་རྩིས་ལེན་དང་། སྔ་མོ་ནས་བེད་སྤྱོད་གཏོང་བ། སྔ་མོ་ནས་མང་ཚོགས་ལ་ཕན་པར་ཁག་ཐེག་བྱེད་དགོས། 

ཝང་ཝེ་ཏུང་དང་ཁོང་ཡུང་མཉམ་དུ་རྟོག་ཞིབ་ལ་བསྐྱོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།