ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུ་ཨུ་སྐབས་བཅུ་གསུམ་པས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་ཐེངས་གྱ་བདུན་པ་བསྡུས་ཤིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་ལག་བསྟར་བྱས། ཞིང་ཆེན་དམངས་འཐུས་རྒྱུན་ཨུའི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཝང་ལི་མིང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་སྒྲོག་བྱས། ཏང་ཙུའུ་ཁོངས་མི་མཱ་ཝེ་དང་། ཉིའོ་ཁྲིན་ཡུང་། ཝུའུ་ཧའེ་ཁུན། ཀྲང་ཧོང་ཡོན། ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། 

ཚོགས་ཐོག་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་དམིགས་འབེན་ཕྱོགས་ཀྱི་བགྲོད་ལམ་གསར་པར་བསྐྱོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཧ་ཅང་གལ་ཆེ་བའི་གྲོས་ཚོགས་ཐེངས་ཤིག་ཡིན་པར་ངོས་འཛིན་བྱས་ཏེ། སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ་དང་དགོངས་དོན་སྙིང་པོ་ཁོང་དུ་ཆུད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་མྱོང་རྟོགས་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། ཚོགས་འདུས་གཏན་ལ་ཁེལ་བའི་དམིགས་འབེན་ལས་འགན་ལ་མྱོང་རྟོགས་གཏིང་ཟབ་དང་གདེང་ཡང་དག་པར་ཐོན་པར་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་པ། འགན་འཁྲིའི་འདུ་ཤེས་དང་བྲེལ་འཚུབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བསམ་སྦྱོར་གཉིས་ངེས་པ་དོན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཅིག་གྱུར་ཡོང་བར་བྱས་ནས། དུས་རབས་གསར་པའི་དམངས་ཆེན་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་འབད་པ་ཆེན་པོས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པར་འདོད། 

ཚོགས་ཐོག་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱིས་བཟོས་པའི་ཇུས་ཆོད་བཀོད་སྒྲིག་ཁག་ལ་དཔེ་བསྡུར་ཚད་བསྡུར་བྱེད་པ་དང་། དམངས་ཆེན་གྱི་འགན་ནུས་ལ་རྐང་འཛུགས་པ། ལག་བསྟར་དངོས་འབེབས་ཀྱི་འཇུག་སྒོ་དང་སྦྲེལ་ས་ཡང་དག་པར་འཚོལ་བ། ཁྲིམས་བཟང་འཛུགས་པ་དང་འཕེལ་རྒྱས་ལ་སྐུལ་བ། ལེགས་སྐྱོང་སྲུང་བ་བཅས་རྒྱུན་འཁྱོངས་བྱེད་པ། ཡང་དག་ཅིང་ཕན་ནུས་ལྡན་ལ་ཁྲིམས་ལྟར་ལྟ་རྟོག་རྒྱུན་འཁྱོངས་བྱེད་པ། “གཅིག་གྱུར་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་ལ་བརྟེན་ནས་ཐག་གཅོད་དབང་ཆ་དང་བསྐོ་འཐེན་དབང་ཆ་བེད་སྤྱོད་པར་རྒྱུན་འཁྱོངས་བྱེད་པ། གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལག་བསྟར་འཕེལ་རྒྱས་གཏོང་བའི་གཙོ་འགན་རྒྱུན་འཁྱོངས་སྒོས་འཐུས་མིའི་བྱ་བ་ལེགས་པོར་བསྒྲུབས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་མཁོ་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་སྒུལ་ཤུགས་སུ་བཟུང་ནས། “ལས་ཁུངས་བཞི”འཛུགས་སྐྲུན་ལ་དམིགས་པ། སློབ་སྦྱོང་དྲིལ་སྒྲོག་དམ་པོར་འཛིན་པ། ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལེགས་པར་འཛིན་པ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ཡག་པོར་འཛིན་པ། ལོ་འཁོར་གྱི་ལས་དོན་ལས་འགན་ཁག་སྤུས་ཚད་མཐོ་ལ་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པའི་ཕན་འབྲས་ལ་བརྟག་བཤེར་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།