ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་རྫོང་གིས་ཏང་ཡོན་ལས་བྱེད་པར་སེམས་ཁམས་སློབ་སྦྱོང་བྱེད་པའི་སློབ་ཁྲིད་གཙོ་བོ་སློབ་སྦྱོང་བྱེད་དུ་བཅུག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཏང་ཡོན་ལས་བྱེད་པའི་ཏང་གཤིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཐོན་ཁུངས་ཀྱི་གཞི་རྟེན་ཡག་པོ་སྤྱོད་པ་དང་སློབ་གསོའི་གསོ་སྦྱོང་ཇེ་ལེགས་སུ་གཏོང་བ། ཏང་གི་སློབ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ། དམངས་འཚོའི་བྱ་བ་དངོས་ཐག་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཏང་ཡོན་གྱི་སློབ་གསོའི་ལས་དོན་ཕྱོགས་ཡོངས་དང་རིམ་པ་མང་བའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པར་སེམས་ཁམས་སློབ་སྦྱོང་བྱེད་པའི་སློབ་ཁྲིད་གཙོ་བོ་སློབ་སྦྱོང་བྱེད་དུ་བཅུག 

རྫོང་དེས་པད་མའི་དམར་དམག་ལུང་ཤུར་གྱི་དྲན་གསོ་ཁང་དང་དམར་དམག་གི་བང་སོ་སོགས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་རིག་གནས་ལོ་རྒྱུས་ཁང་དང་། མཛེས་སྡུག་ལྡན་པའི་པད་མ་རྫོང་གི་སྲིད་གཙང་ཉེན་ཟོན་སློབ་གསོའི་རྟེན་གཞི། པད་མ་རྫོང་གི་ཉམས་མྱོང་འགྲེམས་སྟོན་ཁང་སོགས་ཏང་ཡོན་སློབ་གསོའི་རྟེན་གཞི་ཁག་གཅིག་རིམ་སྤོར་བྱས་ནས། ནུས་ཤུགས་ཡོད་རྒུས་ངང་གསར་བརྗེའི་པད་མའི་སློབ་གསོའི་ཁྱད་ལྡན་སྤུས་རྟགས་བཏོད། སྡེ་བའི་ལས་བྱེད་པའི་བསླབ་རིམ་མཐོར་དེགས་སུ་གཏོང་བའི་ལས་གཞི་དང་། འབྲོག་པའི་ཏང་ཡོན་གྱི་དགུན་དཔྱིད་ཀྱི་རེས་སྐོར་གསོ་སྦྱོང་ལས་གཞི། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་དང་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་འཛིན་གྲྭ་དང་། ཏང་གཤིས་སློབ་གསོའི་གསོ་སྦྱོང་། གཞུང་ཞབས་པ་ཐོག་མར་ཞུགས་པའི་གསོ་སྦྱོང་། དྲུང་ཡིག་གི་ཆེད་དོན་གསོ་སྦྱོང་། སྐད་གཉིས་གསོ་སྦྱོང་སོགས་གསོ་སྦྱོང་འཛིན་གྲྭ་སོ་སོའི་དམིགས་སའི་རང་བཞིན་གྱི་བྱེད་སྒོ་སྤེལ། 

དེ་ལས་གཞན། རྫོང་དེས་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གསུང་བཤད་བྱེེད་རྒྱུ་མཐའ་འཁྱོངས་བྱས་པ་བརྒྱུད། ཐོན་ཁུངས་ལ་བརྟེན་ནས་ཡུལ་དངོས་སུ་གསུང་བཤད་གནང་བ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས། གསར་བརྗེའི་སློབ་གསོའི་ཏང་གི་སློབ་ཚན་དེ་དུས་སྐབས་གསར་པའི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་སློབ་གསོའི་ལག་ལེན་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིསཔ་མ་ཟད། ཁུལ་ཏང་ཨུའི“ཁུལ་རིམ་པའི་ལས་བྱེད་པས་ཤང་དང་མཉམ་འབྲེལ་དང་། རྫོང་རིམ་པའི་ལས་བྱེད་པས་སྡེ་བ་དང་མཉམ་འབྲེལ། ལས་ཁུངས་ཀྱིས་གཞི་རིམ་དང་མཉམ་འབྲེལ། ཏང་ཡོན་གྱིས་མང་ཚོགས་དང་མཉམ་འབྲེལ་བཅས་བྱས་ནས་དུས་རབས་གསར་བའི་རྒྱུགས་གཞི་འདོན་པ་དང་། ལས་བྱེད་པར་རྒྱུགས་ལེན་པ། མི་དམངས་ཀྱིས་རྒྱུགས་ཤོག་ལ་ལྟ་ཀློག་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་མགོ་ལོག་གི་རྒྱུགས་སྤྲོད་ལམ་བུའི་སྟེང་སྐྱོད་པའི”ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས། “མཉམ་འབྲེལ་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ལམ་སྲོལ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་གཏིང་ཟབ་སྒོས་སྲིད་ཇུས་སྒྲོག་འགྲེལ་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།