ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་སོགས་ཀྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་པའི་འཐུས་མི་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ། ཞིང་ཆེན་གྱི་འགོ་ཁྲིད་པ་ཡུས་ཚུང་ལི་དང་ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥིན། ཝང་ལིས་མེན་བཅས་ཀྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་པའི་འཐུས་མི་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་ནི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་གྲོལ་རྗེས་བསྡུ་བའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། འཐུས་མི་སོ་སོས་མུ་མཐུད་དུ་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་དར་སྤེལ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁུར་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ། ཏང་ཀྲུང་དབྱང་གི་རེ་བ་ལག་བསྟར་བཟང་བོ་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་ཚོགས་ཆེན་གྱི་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།