ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཤིང་། ཡན་པའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

གྲོས་ཚོགས་ལ་གྲོས་རིམ་བདུན་ཡོད་དེ། གཅིག སྤྱིའི་འདེམ་ཤོག་ལྟ་ཞིབ་པའི་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་གྱི་འོས་མིའི་གྲ་སྒྲིག་འདེམ་བསྐོའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ། གཉིས། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་གྱི་འོས་མི་མིང་ཐོ་ལ་གྲོས་འཆམ་བྱུང་བ། གསུམ། རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་གྲ་སྒྲིག་འདེམ་བསྐོ་འོས་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ། བཞི། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་རྗེས་སྣོན་ཨུ་ཡོན་གྲ་སྒྲིག་འདེམ་བསྐོ་འོས་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ། ལྔ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་སྙན་ཞུ་དང་ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུར་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ། དྲུག ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་བ། བདུན། ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་བ་བཅས་ཡིན།

ཚོགས་ཐོག་ཏུ་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་རྣམ་པས། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་གྱི་འོས་མིའི་མིང་ཐོ་དང་། རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་གྲ་སྒྲིག་འདེམ་བསྐོ་འོས་མིའི་མིང་ཐོ། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་རྗེས་སྣོན་ཨུ་ཡོན་གྲ་སྒྲིག་འདེམ་བསྐོ་འོས་མིའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།