ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་ཚོགས་པ་སོ་སོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུར་མུ་མཐུད་གྲོས་བསྡུར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་ཚོགས་པ་སོ་སོས་མུ་མཐུད་དུ་ཚན་ཆུང་བགོས་ནས་བློ་མཐུན་ཞིན་ཁྲང་ཞིང་གིས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཚོགས་ཆེན་སྟེང་གནང་བའི་སྙན་ཞུ་ལ་གྲོས་བསྡུར་བྱས།

ཚོགས་ཞུགས་འཐུས་མི་རྣམས་ཀྱིས་སྙན་ཞུ་ལ་དམིགས་ནས་ཧུར་ཐག་གིས་གཏམ་བཤད་སྤེལ་བ་དང་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་ལ་སྙན་ཞུ་ལ་མཐའ་གཅིག་ཏུ་མོས་མཐུན་བྱུང་། ཏང་གི་འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ངོས་འཛིན་གནང་དོན། སྙན་ཞུའི་ནང་དོན་ཚང་མ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་རྣམ་འགྱུར་གསལ་བ་དང་། དམིགས་ཚད་ཀྱི་ལས་འགན་རིང་བ། བྱེད་ཐབས་ཀྱི་བླང་བྱ་དམ་པ་དོན་གཉེར་བྱེད་པ། རིགས་པའི་གཞུང་ལུགས་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་བསམ་བློའི་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ཡི་གེའི་ནང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་འབོད་སྐུལ་དང་དར་རྒྱས་གོང་འཕེལ་གཏོང་བའི་གདོང་མཆོང་དུང་བརྡ་བཏང་ཡོད། སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ནས་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་དུ་ལངས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་རིང་གི་བྱ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འབད་འཐབ་ཀྱི་དམིགས་འབེན་གསལ་སྟོན་བྱས་ཡོད། མཚོ་སྔོན་གྱིས་“ལེགས་གཅིག་མཐོ་གཉིས་”ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཤུགས་སྣོན། ཐོན་ལས་“ས་ཁུལ་བཞི་”གཙོ་བོར་བྱས་པའི་ལྗང་མདོག་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་གཏོང་བའི་དཔལ་འབྱོར་མ་ལག་འཛུགས་པའི་བྱ་སྤྱོད་སྤེལ་བའི་རྩ་འཛིན་དང་ཁ་ཕྱོགས་མཛུབ་སྟོན་བྱེད་པར་ཤུགས་སྣོན། མཐའ་གཅིག་ཏུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཡིད་ཆེས་བརྟན་པོ་དང་། ཧུར་ཐག་གིས་ལོ་བརྒྱ་ཕྲག་གཉིས་པའི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་མངོན་ཡོད་པ་མ་ཟད། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་། མི་སེམས་གོང་བུ་གཅིག་ཏུ་འགྲིལ་ཞིང་། དར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་པར་བསྟན།

ཏང་གི་འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པ་དང་། སྙན་ཞུའི་བཀོད་སྒྲིག་བླང་བྱ་དེ་ལས་སྒྲུབ་ལས་སྐྲུན་གྱི་བྱ་སྤྱོད་དངོས་སུ་བསྒྱུར་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་གཅིག་བསྡུ་བྱེད་པ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རྒྱལ་ཁབ་ཀྱི་བརྩེ་སེམས་འཆང་བ། བླ་ན་མེད་པའི་བསམ་བློའི་ཁ་ཕྱོགས་འཚོལ་བ། ཉམས་སད་ཐེག་ཐུབ་པའི་འགན་འཁུར་ནུས་པ་ཇེ་ཆེར་གཏོང་བ། ཚད་གཞི་སྔར་ལས་མཐོ་བ་དང་། བླང་བྱ་སྔར་ལས་ནན་མོ། སྤྱོད་ཚུལ་སྔར་ལས་ནན་ཏན་བྱེད་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལམ་བུ་གསར་པར་བསྐྱོད་པ། དུས་རབས་གསར་པར་བྱས་རྗེས་འཇོག་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་དོན་འཁྱོལ་ཡོང་བར་བྱེད་པ། ཐོག་མའི་ཕུགས་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པ་དང་། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་པར་འབད་བརྩོན་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།