ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅུན་དང་རྡོ་རྗེ་རབ་བརྟན་གཉིས་སོ་སོ་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཚོགས་པའི་བགྲོ་གླེང་ལ་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཕེབས་པའི་བློ་མཐུན་ཝང་ཅན་ཅུན་དང་རྡོ་རྗེ་རབ་བརྟན་གཉིས་སོ་སོ་ནས་མཚོ་བྱང་འཐུས་ཚབ་ཚོགས་པ་དང་རྨ་ལྷོ་འཐུས་ཚབ་ཚོགས་པའི་བགྲོ་གླེང་ལ་ཞུགས། 

ཝང་ཅན་ཅུན་མཚོ་བྱང་འཐུས་ཚབ་ཚོགས་པའི་བགྲོ་གླེང་ལ་ཞུགས་སྐབས་བསྟན་དོན། ཐོག་མར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བདེ་བླག་གིས་བསྡུས་པར་སེམས་ཤུགས་བཏོན་པ་དང་བྱས་རྗེས་བཞག་པའི་མགོ་ཁྲིད་པ་དང་རྩ་འཛུགས་པ། ཟབ་ཞུགས་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ནི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱི་མགོ་ཁྲིད་དེ་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་དང་། གུས་འདུད། དོན་འཁྱོལ། ལག་བསྟར་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པ་དང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱི་མགོ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་དོན་འཁྱོལ་གྲུབ་འབྲས་ཀྱི་བརྟག་བཤེར་ཡིན་ལ། ཞིང་ཆེན་ཏང་ཨུས་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱི་མགོ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་བའི་བྱེ་བྲག་གི་མངོན་ཚུལ་ཡང་ཡིན་ཞིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱི་མགོ་ཁྲིད་དེ་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་དགའ་བསུ་ཞུ་བར་བློ་ཞིབ་མོས་ཇུས་འགོད་བྱས་པའི་ཆབ་སྲིད་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གུང་ཁྲན་ཏན་ཡོན་གྱི་ཕུན་སུམ་ཚོགས་པའི་དགའ་སྟོན་ཆེན་མོ་ཞིག་ཀྱང་ཡིན། 

རྡོ་རྗེ་རབ་བརྟན་རྨ་ལྷོ་འཐུས་ཚབ་ཚོགས་པར་ཞུགས་སྐབས་བསྟན་དོན། བློ་མཐུན་ཞིན་ཁྲང་ཞིང་གིས་ཕུལ་བའི་བྱ་བའི་སྙན་ཞུ་ནི་མིའི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་ལེགས་པོ་ཞིག་རེད། སྙན་ཞུ་ལ་ཕན་འབྲས་གསར་པ་དང་རྒྱུགས་ལན་གསར་པ། སྐས་རིམ་གསར་པ། ཡར་ཐོན་གསར་པ། ཆུ་ཚད་གསར་པ། ཉམས་འགྱུར་གསར་པ་བཅས“གསར་པ་དྲུག་གི་ཁྱད་ཆོས”ལྡན་ཞིང་། འདས་ཟིན་པའི་ལོ་ངོ་ལྔའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་ཁག་སོ་སོས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྤྱི་སྡོམ་ལེགས་པོར་མཛད་ཡོད་ལ། གསོན་ཉམས་ཀྱི་རྣམ་པ་དོད་པ་དང་སྙིང་ཉེ་ལ་སེམས་འགུལ་ཐེབས་ཤིང་། མཚོ་སྔོན་གྱི་འཕེལ་རྒྱས་དངོས་ཡོད་དང་མཐུན། 

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྙན་ཞུ་ལས་རང་ཞིང་གི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་དང་གོ་སྐབས་སྣ་ཚོགས་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེ་བོ་ཕྱོགས་བསྡུས་ཀྱིས་ཁོང་དུ་ཆུད་པའི་རྨང་གཞིའི་སྟེང་། རྗེས་ཕྱོགས་ཀྱི་རང་ཞིང་གི་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་བྱེ་བྲག་གི་བྱེད་ཐབས་ཚན་རིག་མཐུན་པར་ཇུས་འགོད་བྱས་ཡོད། “དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”བེད་སྤྱད་དེ་འབད་འཐབ་ཀྱི་དམིགས་འབེན་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་། སྐྱེ་ཁམས་འཛུགས་སྐྱོང་དང་ཐུན་མོང་ཕྱུག་འགྱུར་སོགས་སྤྱད་དེ་ཕྱོགས་བརྒྱད་ཀྱི་གཙོ་གནད་ལས་དོན་ལ་འཕེལ་རྒྱས་ཀྱི་བརྒྱུད་ལམ་གསལ་པོར་བཟོས་པ། ཏང་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ཀྱི་ཤུགས་བསྣན་ནས་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས་པ། སྙན་ཞུ་ཡོངས་ལ་བརྗོད་གཞི་འབུར་དུ་དོད་པ་དང་། དམིགས་འབེན་གསལ་བ། ལས་འགན་གཏན་ལ་འཁེལ་བ། འགན་སྲུང་ལ་སྟོབས་དང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ། འཕེལ་རྒྱས་ཀྱི་འཐབ་ཇུས་རང་འགུལ་མཐའ་གཅིག་ཏུ་ཁོང་དུ་ཆུད་ཡོད་པ། ཆེས་ཆེར་དྲག་པའི་ཆབ་སྲིད་ལངས་གནས་དང་དཔེ་རིས་གཅིག་མཐར་ཐུག་པར་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་མཚོན་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྟོབས་དང་ལྡན་པའི་རྒྱབ་སྐྱོར་ཐོབ་ངེས་ཡིན་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྔར་ལས་ལེགས་ཤིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ངེས་ཡིན། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།