ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་རིང་བསྡོམས་པས་ཆུ་བེད་མ་དངུལ་སྒོར་དུང་ཕྱུར334.3དོན་འཁྱོལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་ལོ5ཡི་ནང་བསྡོམས་པས་ཆུ་བེད་མ་དངུལ་སྒོར་དུང་ཕྱུར334.3དོན་འཁྱོལ་བྱས་ནས། ཆུ་བེད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་སྲ་ཞིང་བརྟན་པའི་ཆུ་བེད་འདེགས་སྐྱོར་དང་འགན་ལེན་བྱས། 

ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་པ་ཁག་གི་སྒྲིག་ཆས་ཆ་ཚང་བ་དང་དམིགས་ཚད་ཁ་གསལ་ཅན་གྱི་ཆུ་བེད་འཕེལ་རྒྱས་ཀྱི་འཆར་འགོད་མ་ལག་བཟོས།

ཆུ་བེད་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་མི་ཁྲི260.6དང་། ཡིག་ཚགས་དང་བྱང་བཡ་བཟོས་པའི་མི་འབོར་དབུལ་པོ་ཁྲི30.4ཡི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོ་འདེགས་སུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མའི་འཐུང་ཆུའི་བདེ་འཇགས་ཐག་གཅོད་བྱས་ཏེ། རོང་འབྲོག་ཁུལ་གྱི་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་དང་། རང་འབབ་ཆུ་ཁྱབ་གདལ་དུ་གཏོང་ཚད། ཆུ་མཁོ་འདོན་གྱི་འགན་ལེན་བྱེད་ཚད་བཅས་སོ་སོར84.7%དང་80%། 94%བཅས་ཟིན་ཡོད། 

སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆུ་བེད་ལས་རིགས་ཀྱིས་ས་ཆུ་ཤོར་ཚད་བསྡོམས་པས་སྤྱི་ལེ་ངོས་གྲུ་བཞི་མ2241.76བཅོས་སྐྱོང་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱི་རྒྱལ་ཡོངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་ལ་ཞིང་ཆེན་གྱིས་ཞིབ་བཤེར་རྩིས་ལེན་བྱས། 

ཆུ་ལོག་འགོག་སྲུང་དང་བདེ་སྲུང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་འགོག་སྲུང་གི་ལས་གཞིའི(དུས་ཐེངས་དང་པོ)ལས་གཞི་བསྐྲུན་པ་དང་ཡན་ལག་ཆུ་བོ་སྤྱི་ལེ185.95འགོག་སྲུང་བྱས། ཡན་ལག་ཆུ་བོ་གཙོ་བོ10དང་ཆུ་བོ་འབྲིང་ཆུང71ལག་བསྟར་བྱས་པ་མ་ཟད། ཆུ་རགས་སྤྱི་ལེ1052གསར་སྐྲུན་བྱས་པ་དང་། ཆུ་ལོག་གྲོག་རོང་གཙོ་བོ12བཅོས་སྐྱོང་བྱས་པ། ཉེན་ཁ་ཆེ་བའི་ཆུ་མཛོད29ཉེན་སེལ་དང་སྲ་བརྟན་དུ་བཏང་སྟེ་ཆུ་བེད་གནོད་འགོག་གནོད་སེལ་ལས་གཞིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་། 

ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་སྟེ། ཞིང་སར་ཆུ་བཏང་ཆོག་པའི་ཁུལ77དང་། ས་མུའུ་ཁྲི234.22ཀྱི་བསྒྱུར་བཅོས་ལས་འགན་ལེགས་གྲུབ་བྱུང་ཞིང་སྤྱིའི་ལས་འགན་གྱི92%ཟིན། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་དང་མཚེའུ་ཡིས་དོ་དམ་སྲུང་སྐྱོང་ལམ་ལུགས་ཀྱི་སྲོལ་ཡིག》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆུའི་གྲོན་ཆུང་གི་དོ་དམ་བྱེད་ཐབས》། 《མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་སྲུང་འཛིན་གྱི་དམིགས་ཚད་འགན་འཁྲིའི་ཆེད་དོན་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》སོགས་ས་གནས་རང་བཞིན་གྱི་ཆུའི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་ཁྱབ་བསྒྲགས་ལག་བསྟར་བྱས་ནས། ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་ཆུའི་དོ་དམ་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།