ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་བརྙན་རིས་གྲོས་ཚོགས་བརྒྱུད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་སྐབས་བརྒྱ་དང་སོ་དགུ་པ་དང་དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་བྱ་བ་ལེགས་སྒྱུར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་སྐབས་བརྒྱ་དང་སོ་དགུ་པ་དང་དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་བྱ་བ་ལེགས་སྒྱུར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཟླ5བའི་ཚེས18ཉིན་པེ་ཅིང་ནས་བསྒྲུབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཆིན་ལིས་འཛིན་གྲྭ་སྒྲུབ་པའི་མཛད་སྒོར་ཞུགས་པར་མ་ཟད་དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་གྲོས་གཞི་ལ་དམིགས་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ལིས། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན་བཅས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཡན་ལག་ཚོགས་ར་ནས་འཛིན་གྲྭ་སྒྲུབ་པའི་མཛད་སྒོར་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་ཀྱི་སྲིད་གྲོས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བརྙན་རིས་གྲོས་ཚོགས་བརྒྱུད་དེ་གསོ་སྦྱོང་ལ་ཞུགས།

ཚང་མས་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་ཀྱིས་ཕུལ་བའི་སྒྲོག་འགྲེལ་སྙན་ཞུ་དེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་གྲོས་གཞི་ཕྱིར་བཏོན་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། གྲོས་གཞིའི་གོ་དོན་གཙོ་བོ་དང་དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་རེ་བ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ། ཏང་ཀྲུང་དབྱང་གི་དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་བྱ་བའི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། ཚང་མས་བསྟན་དོན། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ངོ་བོ་གཏན་ཁེལ་དང་བྱ་བའི་གཙོ་གནད་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། གནས་ཚུལ་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱེད་པ། ས་བབ་དང་བསྟུན་པ་དང་གནད་ཕིགས་སྲིད་སྤྱོད་བྱེད་པ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ལས་འགན་གཙོ་བོ་དང་བྱ་བའི་བྱེད་ཐབས་གཏན་ཁེལ་བྱས་ནས། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚད་གཞི་ཅན་དུ་བསྒྱུར་དགོས། དམ་འཛིན་ལྷོད་མེད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་ཐོག་ཏུ་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་དེ་ལམ་ལུགས་དང་ཚད་གཞི་རུ་བསྒྱུར་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བྱ་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། བྱ་བ་ཕན་ནུས་ལྡན་པའི་སྒོ་ནས་སྒྲུབ་པ་བརྒྱུད་དེ། ཧུར་ཐག་གིས་ཏང་གི་བྱ་བ་སྣ་ཚོགས་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པའི་གཡུལ་ས་གལ་ཆེན་དང་། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣར་མཐུན་སྒྲིལ་དང་སློབ་གསོ། སྣེ་ཁྲིད་བྱེད་པའི་སྟེགས་བུ། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞིའི་སྟེང་འགལ་རྩོད་ཐག་གཅོད་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཐབས་ལམ་གལ་ཆེན་དུ་འགྱུར་བར་བྱས་ནས། ཧུར་ཐག་གིས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་སྔར་ལས་བཟང་བའི་སྒོ་ནས་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།