ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་འཐུས་མི་ཚོགས་ཆེན་གྱི་ཤེས་བྱ་ཕྲན་བུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མི་འགྱངས་བར་འཚོགས་རྒྱུ་རེད། འོ་ན་ཏང་གི་འཐུས་མིའི་ཚོགས་ཆེན་སྐོར་གྱི་ཤེས་བྱ་ཁྱེད་ཀྱིས་ཅི་ཙམ་ཤེས་ཀྱི་ཡོད་དམ། ཅི་ཞིག་ནི་ཏང་གི་འཐུས་མིའི་ཚོགས་ཆེན་ཡིན་ནམ། ཏང་གི་འཐུས་མིའི་ཚོགས་ཆེན་དང་ང་ཚོ་མང་ཚོགས་ལ་འབྲེལ་བ་ཅི་ཞིག་ཡོད། 

1 ཅི་ཞིག་ལ་ཏང་གི་འཐུས་མི་ཚོགས་ཆེན་ཟེར། 

ཏང་གི་འཐུས་མི་ཚོགས་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་། ཀྲུང་གོ་གུང་ཁྲན་ཏང་ས་གནས་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་གྱི་བསྡུས་མིང་ཡིན། ཏང་གི་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་རྩ་བའི་རང་བཞིན་ལྡན་པའི་རྩ་འཛུགས་ལམ་ལུགས་ཤིག་ཡིན།

2 ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དུས་ནམ་ཞིག་ལ་འཚོགས་རྒྱུ་ཡིན་ནམ། 

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ2022ལོའི་ཟླ5པའི་ཚེས23ཉིན་འཚོགས་རྒྱུ་རེད། 

3 ཏང་གི་འཐུས་མི་ཚོགས་ཆེན་དང་ང་ཚོ་མང་ཚོགས་བར་ལ་འབྲེལ་བ་ཅི་ཞིག་ཡོད། 

ད་རེས་ཀྱི་ཚོགས་ཆེན་སྟེང་། ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚོགས་ཚུན་གྱི་ལས་དོན་ལ་སྤྱི་སྡོམ་བྱེད་པ་དང་། རྗེས་ཀྱི་ལོ་ལྔའི་རིང་ཞིང་ཆེན་ཡོངས་འཕེལ་རྒྱས་གཏོང་བའི་སྤྱིའི་བླང་བྱ་དང་།  འབད་འཐབ་དམིགས་འབེན།  གཙོ་གནད་ལས་འགན་བཅས་གཏན་འཁེལ་བྱ་རྒྱུ་ཡིན་པ་མ་ཟད། སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚན་ཁག་བདམས་ཐོན་འབྱུང་རྒྱུ་དང་། ཏང་གི་འཐུས་མི་ཚོགས་ཆེན་ནི་ཕྱོགས་གཅིག་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་ཇུས་ཆེན་དང་། ཕྱོགས་གཅིག་ནས་མཚོ་སྔོན་གྱི་མང་ཚོགས་ཀྱི་རེ་བ་དང་དམ་དུ་འབྲེལ་ཡོད་པ་རེད། མང་ཚོགས་ཀྱི་འཚོ་བ་དང་ཕྱོགས་གང་ཅིའི་ཐད་འབྲེལ་བ་དམ་པོ་ཡོད་པས།  མཚོ་སྔོན་གྱི་མི་རེ་རེའི་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།