ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བར་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མུ་རུ་གཏེར་ཁུལ་གྱི་གཏེར་དུང་ཨང་རྟགས1པོ་དང་ཨང་རྟགས2པ། ཨང་རྟགས4པ། ཁྲོན་པ་ཨང་རྟགས5བ་བཅས་སུ་སྔ་གཞུག་ཏུ་ཕྱིན་ནས། ཡུལ་དངོས་སུ་ས་བོན་འདེབས་པ་དང་སྐྱེ་དངོས་འདེབས་པ་ལུད་རྫས་གཏོར་བའི་ལས་དོན་དང་། གནས་སྐབས་ཁང་པ་བཤིག་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ནས། ཁོང་གིས་མིག་སྔའི་བཟོ་སྐྲུན་གྱི“དུས་ཚིགས་བཟང་པོ”དམ་འཛིན་གྱིས་ཕྱོགས་ཡོངས་ནས“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ཏེ། སྤུས་ཚད་མཐོ་པོའི་སྒོ་ནས་ལས་དོན་ཁག་མཇུག་བསྒྲིལ་བར་རྨང་གཞི་བརྟན་པོ་འདིང་དགོས་པར་ནན་གྱིས་བསྟན། 

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ཕྱོགས་བསྡུས་བཅོས་སྐྱོང་གི་གནད་འགག་གི་ལོ་ཡིན་པས། ལས་འགན་ལྷག་མ་དག་ནི་ཐག་གཅོད་བྱེད་དཀའ་བའི་ལས་འགན་ཤ་སྟག་རེད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། བྱ་བའི་ངེས་ཤུགས་རྒྱུན་འཁྱོངས། ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞིར་དམ་པོར་དམིགས་པ། དམིགས་ཚད་དམ་དུ་འཛིན་པ། འགག་སྒྲོལ་དཀའ་སེལ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རྩྭ་འདེབས་ལྗང་མདོག་སླར་གསོའི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། བཅོས་སྒྲིག་ལས་འགན་ཁག་གཞི་རྩའི་ཆ་ནས་ལེགས་སྒྲུབ་བཅས་བྱས་ཏེ་ལྷག་ལུས་མེད་པ་དང་བློ་འགྱོད་མི་སྐྱེ་བར་འགན་ལེན་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ“བློ་མི་བདེ་བའི”འགན་འཁྲིའི་འདུ་ཤེས་རྒྱུན་འཁྱོངས་དང་། མིག་ཆེ་བགྲེད་ནས་གནད་དོན་གསེད་བཀྲོལ་བྱེད་པ། ལྷོད་གཡེང་མི་གཏོང་བར་མཐའ་གཅིག་ཏུ་དག་ཐེར་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་མཁས་པོ་བྱེད་པ་དང་། དམ་པ་དོན་གཉེར་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་འདོན་པ། ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པའི་གྲོས་མོལ་དང་ས་ངོས་ཀྱི་བཟོ་སྐྲུན་དངོས་པོ་བཤིག་པ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ར་བ་བཤིག་ནས་སྐྱེ་ཁམས་སླར་གསོ་བཟང་པོ་ཡོང་བའི་རྗེས་ཆོད་དགོས། “འདེབས་སྟངས་ལེགས་པ་དང་། འཚར་ལོངས་ཡག་པོ་བྱུང་བ། དོ་དམ་བཟང་པོ་བྱེད་པའི”བླང་བྱ་ལྟར“ཁ་གསབ་གསུམ”གྱི་བྱ་བའི་ལག་རྩལ་འགན་ལེན་ལ་ཤུགས་སྣོན་དང་། ལག་རྩལ་མི་སྣ་བཅའ་སྡོད་བྱ་ཡུལ་གྱི་ལས་རེས་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱེད་པ། ལས་ཡུལ་དངོས་ཀྱི་བཟོ་ལས་མཛུབ་ཁྲིད་ཀྱི་ཞབས་ཞུ་བྱེད་པ། ནགས་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པ། དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱུན་གཏན་གྱི་སྐོར་ཞིབ་ལ་ཤུགས་སྣོན་པ། བཅོས་སྐྱོང་སྤུས་ཚད་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་གྱི་འགན་འཁུར་ཐུབ་པར་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།