ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལ་བརྟེན་ནས་དབུལ་ཕོངས་ཁྱིམ་ཚང7116གི་མི་རྒན་པར་ཁེ་ཕན་ཐོབ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས18ཉིན་གསར་འགོད་པས་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། 《མཚོ་སྔོན་ཞིང་ཆེན་གྱི་མི་རྒན་པའི་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལས་གཞིའི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་དབུལ་ཕོངས་ཁྱིམ་ཚང7116གི་མི་རྒན་པར་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རྒས་འཚམ་ཅན་གྱི་བསྒྱུར་བཀོད་བྱ་བའི་སྤུས་ཚད་མཐོ་བ་དང་ཚད་ལྡན་ཅན། ཡུན་ཕན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་། མི་རྒན་པའི་ཁྱིམ་སྡོད་རྒན་གསོའི་གོ་རིམ་ཁྲོད་འགྱེལ་སླ་བ་དང་འཚོ་བར་སྟབས་བདེ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རང་ཞིང་གིསལག་བསྟར་ཇུས་གཞིགཏན་འབེབས་བྱས་པ་ཡིན། ལག་བསྟར་ཇུས་གཞི》ཁྲོད་གཙོ་གནད་དུ་ཁ་ཐོར་དུ་གསོ་སྐྱོང་བྱེད་པའི་དགུང་ལོ་མཐོ་བ་དང་ནུས་བ་ཤོར་བ། དབང་བོ་སྐྱོན་ཅན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་རྒན་པར་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་བསྒྱུར་བཀོད་བྱ་ཡུལ་དེ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་ཀྱི་དགུང་ལོ་མཐོ་བ་དང་ནུས་བ་ཤོར་བ། ཁྱིམ་སྟོང་རྒན་པ། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་རྒྱ་བསྐྱེད་དེ། སྔར་ལས་མང་བའི་མི་རྒན་པར་སྲིད་གཞུང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད།

མིག་སྔར། ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ཀྱི་ཚོད་ལྟའི་བྱ་བ་སྤེལ་མགོ་བརྩམས་ཤིང་། འཆར་གཞི་ལྟར་ན་ལོ་འདིའི་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་ཁྱིམ་ཚང1500ཡི་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་འབྱུང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།