ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཞིང་འབྲེལ་དངོས་རྫས་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་འགོག་སྡོམས་སྐབས་སུ་དཔྱིད་རྨོད་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་སྐྱེལ་འདྲེན་ཤར་བགྲོད་དང་། “ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བཟང་པོ་ཡོང་ཆེད། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་འབྲེལ་ཁྱབ་ཁོངས་ཀྱི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་ཞབས་ཞུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ་གཏན་འབེབས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ནས་འགྲོ་འོང་བྱེད་པ་དང་དེ་བཞིན་རང་རེའི་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར(ཁུལ)བརྒལ་ནས་ཞིང་ལས་ཐོན་རྫས་དང་། ཞིང་ལས་རྒྱུ་ཆ། དེ་བཞིན་ཐོན་སྐྱེད་རྒྱུ་ཆ་ཐོན་སྐྱེད། ཞིང་འཕྲུལ་དང་དེ་བཞིན་ལྷུ་ལག་དང་ཞིང་འབྲོག་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་མཁོ་བའི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་བྱེད་པ་སོགས་ཀྱི་གཙོ་གནད་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་དཔང་ཡིག་སྤྲོད་པ་དང་། རླངས་འཁོར་གཅིག་ལ་ལམ་ཡིག་གཅིག་གི་ལམ་ཐིག”ལག་བསྟར་བྱས་ནས། དཔང་ཡིག་ཡོད་པའི་དངོས་སྐྱེལ་རླངས་འཁོར་སྔོན་ལ་ཤར་བགྲོད་ཐུབ་པར་འགན་ལེན་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། ཟླ5པའི་ཚེས12ཉིན་བར། ཞིང་འབྲེལ་ཁེ་ལས103ལ་དངོས་ཟོག་གལ་ཆེན་སྐྱེལ་འདྲེན་བྱེད་པར་ལམ་ཡིག513སྤྲད་ནས། ཞིང་འབྲོག་ལས་ཐོན་སྐྱེད་བྱེད་མཚམས་མི་འཇོག་པ་དང་། ཞིང་འབྲོག་ཐོན་རྫས་གསོག་འཇོག་མི་བྱེད་པ། ཞིང་ལས་ཐོན་རྫས་དང་འཕྲུལ་ཆས་མི་འགག་པར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།