ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐོ་ཡིས་མགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁུལ་གསུམ་མཚམས་གསུམ་དབྱེ་འབྱེད་གཏན་འབེབས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས17ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མགོ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁུལ་གསུམ་མཚམས་གསུམ་དབྱེ་འབྱེད་གཏན་འབེབས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁུལ་གསུམ་མཚམས་གསུམ་དབྱེ་འབྱེད་གཏན་འབེབས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གྱི་གཏམ་བཤད་ཀྱི་བླང་བྱ་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཁབ་ཀྱི་རེ་བ་ལྟར། མིག་སྔའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།

ལིའུ་ཐོ་ཡིས་བསྟན་དོན། ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་སྒོ་ནས་ཁུལ་གསུམ་མཚམས་གསུམ་དབྱེ་འབྱེད་གཏན་འབེབས་བྱེད་པ་ནི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱེད་པའི་སྲོག་ཤིང་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། ཐོན་ལས་ཀྱིགནས་བཞི་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་བྱ་བ་དང་མངོན་སུམ་གྱི་དགོས་མཁོ་ཡིན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་དབྱེ་འབྱེད་གཏན་འབེབས་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་སྔོན་དཔག་གི་བསམ་བློ་བརྟན་པོ་འཛུགས་པ། ལས་འགན་གཙོ་བོ་གཙིགས་སུ་འཛིན་པ་དང་དུས་ཚོད་དུས་རིམ་ཁོང་དུ་ཆུད་པར་བྱེད་པ། སྒྲིག་ལམ་རེ་བ་ཇེ་དམ་དུ་གཏོང་བ། དབྱེ་འབྱེད་གཏན་འབེབས་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་སྒྱུར་བྱེད་པའི་ཐད་བར་སྟོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕི་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། རྨོ་ཞིང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་དང་། གྲོང་ཁྱེར་དང་གྲོང་གསེབ་གསར་སྤེལ་མཐའ་མཚམས་ཀྱི་གོ་རིམ་ལྟར། རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བཀག་སྡོམ་ས་མཚམས་གསུམ་དབྱེ་འབྱེད་གཏན་ཁེལ་གནད་ལ་འཁེལ་བ་བྱེད་པ། སྣོལ་སྤེལ་མི་བྱེད་པ་དང་གདོང་གཏུག་མི་འབྱུང་བ། རིམ་བརྩེགས་མི་བྱེད་པ་བཅས་བྱས་ནས། ས་ཞིང་གྲོན་ཆུང་ལེགས་བསྡུས་བེད་སྤྱོད་ཆུ་ཚད་མཐོར་འདེགས་གཏོང་དགོས། རྒྱལ་ཁོངས་བར་སྟོང་གི་ཉག་གཅིག་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། གྲངས་ཀ་དང་ཐིག རེའུ་མིག་གཅིག་གྱུར་བྱེད་པའི་རེ་བ་ལྟར། དབྱེ་འབྱེད་གཏན་འབེབས་གྲུབ་འབྲས་ལ་ཕྱོགས་བསྡུས་བསྣོལ་སྤེལ་བྱེད་པ་དང་། སྲོལ་མང་གཅིག་བསྡུ་མངོན་འགྱུར་བྱས་ཏེ། དུས་བཀག་ལྟར་རང་ཞིང་གི་དབྱེ་འབྱེད་གཏན་འབེབས་གྲུབ་འབྲས་ཡར་ཞུ་བྱེད་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་གཙོ་བོ་གཏན་ཁེལ་གསལ་བོ་བྱེད་པ་དང་། བྱ་བ་གཙོ་བོར་མཉམ་དུ་ཞིབ་འཇུག་བྱེད་པ། མཐུན་སྦྱོར་ངང་བྱ་བ་སྤེལ་ཚད་དོ་མཉམ་ཡོང་བར་ཁག་ཐེག་བྱེད་པ། དུས་མཉམ་དུ་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་བྱས་ནས། ཐོན་སྐྱེད་བར་སྟོང་ལེགས་བསྡུས་ཕན་མཐོ་ཡིན་པ་དང་འཚོ་བའི་བར་སྟོང་བབ་སྡོད་འོས་འཚམ་ཡིན་ལ། སྐྱེ་ཁམས་བར་སྟོང་རི་ལྗང་ཆུ་དྭངས་ཡིན་པའི་རྒྱལ་ཁོངས་བར་སྟོང་གི་རྣམ་པ་གྲུབ་པར་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།