ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་བཀོད་སྒྲིག་དང་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས16ཉིན། རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མྱུར་དུ་རང་ཞིང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་བཀོད་སྒྲིག་བྱས་པ་དང་སྐུལ་འདེད་བཏང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ། དམངས་ཚིས་བདེ་སྐྱིད་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་གཏན་འཇགས་ལ་འབྲེལ་བ་ཆེན་པོ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་སྤྱིའི་ཆ་ནས་གཏན་འཇགས་ཡིན་པར་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག མཐོ་རིམ་སློབ་གྲྭས་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས། བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་གླེང་བའི་མཐོ་ཚད་དང་དམངས་ཚིས་འགན་སྲུང་གི་ཟུར་ངོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཟུར་ངོས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་བྱེད་ཐུབ་པར་བྱེད་དགོས། སྲིད་ཇུས་སྦྲེལ་མཐུད་ཆ་སྡེབས་ལ་ཤུགས་སྣོན་པ་དང་། ཁེ་ལས་ལ་རོགས་བྱས་ནས་དཀའ་ཁག་སེལ་བ་དང་ལས་རྐང་གཏན་འཇགས་སུ་གཏོང་བ་དང་ལས་རྐང་རྒྱ་བསྐྱེད་པའི་སྲིད་ཇུས་བྱེད་ཐབས་བཀོལ་སྤྱོད་བཟང་བོ་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་རྒྱབ་སྐྱོར་སྔར་ལས་བཟང་བོ་བྱེད་དགོས། ལས་ཞུགས་ཀྱི་འཕར་སྣོན་གྱི་སྣེ་གསར་བ་སྐྱེད་སྲིང་བྱེད་པ་དང་། ཐབས་ལམ་སྔར་ལས་མང་པོ་སྤྱད་དེ་ལས་ཞུགས་ལས་རྐང་གསར་སྤེལ་བྱེད་པ། རིགས་མི་འདྲ་བའི་མི་བསྡུ་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱས་ནས། མཐར་ཕྱིན་སློབ་མའི་རང་བདག་ལས་སྐྲུན་ཐད་རྒྱབ་སྐྱོར་བྱེད་དགོས། ལས་ཞུགས་ལྟ་བ་བསྒྱུར་བར་སྣེ་ཁྲིད་བྱེད་པ་དང་། མཐར་ཕྱིན་སློབ་མ་སྔར་ལས་མང་པོ་གཞི་རིམ་དང་དངོས་ཕུང་དཔལ་འབྱོར་དུ་སོང་ནས་ལས་ཞུགས་བྱེད་པར་སྐུལ་མ་གཏོང་དགོས། ཞབས་ཞུའི་བྱེད་ཐབས་ལེགས་སྒྱུར་བྱེད་པ་དང་། སྤྱི་ཐུན་ལས་ཞུགས་ཞབས་ཞུ་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ་བ། ལས་ཞུགས་དངོས་སྦྱོང་དང་རྩལ་ནུས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མ་སོགས་མི་ཚོགས་ལ་གཟིགས་སྐྱོང་རོགས་སྐྱོར་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། རྩ་འཛུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཞིབ་དཔྱད་ཞིབ་བཤེར་བྱེད་ཚད་ཆེ་རུ་བཏང་ནས། ལས་འགན་སྣ་ཚོགས་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།