ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་འོས་སྦྱོར་བྱ་བ་ལེགས་འགྲུབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་གཅིག་སྡུད་འོས་སྦྱོར་བྱ་བ་ལེགས་འགྲུབ་བྱུང་ནས། མི7དང་ཐུན་མོང4འོས་སྦྱོར་བྱ་རྩིས་ཡོད་པ་རེད།

ཤེས་གསལ་ལྟར་ན། ད་ལོའི་ཟླ3པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང”འོས་སྦྱོར་དཔྱད་འདེམས་བྱ་བ་ལེགས་པར་བསྒྲུབ་པའི་སྐོར་གྱི་བརྡ་ཐོའི》བླང་བྱར་ནན་གྱིས་གཞིགས་ནས། འོག་ནས་གོང་དང་། དམངས་གཙོའི་འོས་སྦྱོར། རིམ་པ་བཞིན་འགག་སྒོ་སྲུང་བ། རིམ་པ་བཞིན་ཞིབ་བཤེར་གཏན་འབེབས་བཅས་ཀྱི་བྱེད་ཐབས་སྤྱད་ནས། ཞིང་ཆེན་ནང་ཁུལ་གྱི་འོས་སྦྱོར་བྱ་བ་སྤེལ་བ་དང་། ཀྲུང་དབྱང་གི་བླང་བྱར་ནན་གྱིས་གཞིགས་ནས་འོས་སྦྱོར་བྱ་ཡུལ་ལ་རྟོག་ཞིབ་དང་བསམ་འཆར་བསྡུ་ལེན། ཡོངས་བསྒྲགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་ནས། མཇུག་མཐར་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་རང་ཞིང་གིས་འོས་སྦྱོར་བྱ་ཡུལ་གཏན་འཁེལ་བྱས།

རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་གཟེངས་བསྟོད་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། གཟེངས་བསྟོད་བྱ་དགའ་སྤྲོད་པ་དང་སློབ་སྦྱོང་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་པར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པས་ཡིད་ཆེས་བརྟན་པོས། མི་དམངས་ལ་ཞབས་ཞུ་དང་། སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་ཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་བྱེད་པར་སྐུལ་ལྕག་ཁྲིད་སྟོན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་མཚོ་སྔོན་གྱིས་བྱས་རྗེས་འཇོག་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།