ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་རིམས་ནད་འགོག་སྡོམ་སྐབས་ཀྱི་འཕྲལ་བསྟུན་སྨན་བཅོས་དངོས་ཟོག་མཁོ་འདོན་ཐད་འགན་སྲུང་ཤུགས་ཆེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རེས་སྐོར་འདིའི་རིམས་ནད་ཀྱི་རྙོག་འཛིང་ཛ་དྲག་གནས་བབ་ལ་ཁ་ཕྱོགས་ནས། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་དངོས་ཟོག་འགན་སྲུང་ཚན་ཆུང་གི་ཚན་གཙོ་སྡེ་ཁག་གི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་པ་དང་། བཀོད་གཏོང་བཀོད་སྒྲིག་གནད་ལ་འཁེལ་བ་བྱས་ལ། དངོས་ཟོག་གི་དགོས་མཁོ་འགན་སྲུང་བྱས་ཏེ། རིམས་ནད་འགོག་སྡོམ་བྱ་བའི་ཐད་རྒྱབ་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱས། མིག་སྔའི་བར་དུ། བསྡོམས་པས་ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་སྐྱུར་བརྟག་དཔྱད་དང་འགོག་སྲུང་། དུག་སེལ་མཁོ་རྫས་སོགས་འགོག་སྡོམ་དངོས་ཟོག་སྣ་ཉེར་གཉིས་བཀོད་སྒྲིག་བྱས།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་བཀོད་སྒྲིག་རེ་བ་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་དངོས་ཟོག་མཁོ་འདོན་ལ་འགན་སྲུང་བྱས་ལ། དངོས་ཟོག་མཁོ་འདོན་གྱི་དགོས་མཁོ་གཙིགས་སུ་བཟུང་ནས། གནས་ཚུལ་རྒྱུས་ལོན་བྱས་པ་དང་ལམ་བུ་རྒྱ་སྐྱེད་པ། ཉོ་སྒྲུབ་རྒྱ་སྐྱེད་པ་དང་བཀོད་སྒྲིག་སྐྱེལ་འདྲེན་དམ་འཛིན་བྱས་ཤིང་། ཚོང་རྫས་ཀྱི་ཡོང་ཁུངས་ཁ་གསབ་བྱས་པ་དང་དགོས་མཁོ་ལ་འགན་སྲུང་བྱས་ཏེ། རིམས་ནད་འགོག་སྡོམ་དངོས་ཟོག་འགན་སྲུང་བྱ་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས།

ཞིང་ཆེན་རིམས་ནད་འགོག་སྡོམ་བྱ་བའི་བཀོད་འདོམས་པུའུ་ཡི་བྱ་བའི་རེ་བ་ལྟར། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ས་ཁུལ་དང་ཁེ་ལས། སྨན་བཅོས་སྡེ་ཁག་གི་དངོས་ཟོག་ཉར་གསོག་བཀོད་གཏོང་ཚད་མཐའ་མཐིལ་རྟོགས་བྱས་པ་དང་། ཞིབ་འཇུག་བྱས་པ་བརྒྱུད་དེ་འཕྲལ་བསྟུན་སྨན་རྫས་དངོས་ཟོག་གི་དགོས་མཁོའི་གསལ་ཕྲ་བཏོན་པ་དང་། ཉར་གསོག་དངོས་ཟོག་བཀོད་གཏོང་གནད་ལ་འཁེལ་བ་བྱས་ནས། དངོས་ཟོག་ཉར་གསོག་འཛོམས་པོ་ཡིན་པ་དང་བཀོད་སྒྲིག་བྱེད་ཐུབ་པ། གོ་ཆོད་པར་བྱས། དངོས་ཟོག་འགན་སྲུང་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ནས། འབྲེལ་ཡོད་ཁོངས་གཏོགས་སྡེ་ཁག་དང་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་སྨན་རྫས་ཉར་གསོག་དོ་དམ་བྱེད་ཐབས་ཀྱི་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། ཉོ་སྒྲུབ་ལམ་བུ་རྒྱ་སྐྱེད་ལ། མཁོ་འདོན་འགན་སྲུང་གི་ལས་ཆོད་མཐོར་འདེགས་བཏང་སྟེ། རིམས་ནད་འགོག་སྡོམ་གྱི་འཕྲལ་བསྟུན་དངོས་ཟོག་དགོས་མཁོ་ལ་འགན་སྲུང་བྱས། ཉིན་རེ་ལ་ཡར་ཞུ་བྱེད་པའི་ལམ་ལུགས་བཙུགས་པ་དང་། ཉིན་རེར་ཕྱོགས་བསྡུས་སྒོས་གཙོ་གནད་བྱ་བ་སྤེལ་བའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། རིགས་མི་འདྲ་བའི་འཕྲལ་བསྟུན་སྨན་བཅོས་དངོས་ཟོག་འབྱོར་ཚད་དང་བཀོད་སྒྲིག་ཚད། དགོས་མཁོའི་ཚད་ཀྱི་བསྡོམས་རྩིས་ལེགས་བསྒྱུར་བྱས་ནས། དུས་ལྟར་ཞིང་ཆེན་རིམ་པའི་ཉར་གསོག་དངོས་ཟོག་གི་རིགས་སྣ་དང་གྲངས་ཚད། བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། སྨན་བཅོས་དངོས་ཟོག་མཁོ་འདོན་འགན་སྲུང་ཁེ་ལས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ཉིན་རེ་རེར་ཡར་ཞུ་བྱས་པ་དང་། གཅིག་བསྡུས་སྒོས་དངོས་ཟོག་མཁོ་འདོན་འགན་སྲུང་བྱ་བའི་ཁྲོད་ཀྱི་དཀའ་གནད་མཐུན་སྦྱོར་དང་ཐག་གཅོད་བྱས་པ་མ་ཟད། ཆེད་དོན་མི་སྣ་མངག་ནས་རེ་རེ་བཞིན་རྗེས་འདེད་ལག་བསྟར་བྱས་པས། ཕན་འབྲས་མཐོ་བའི་བཀོད་སྒྲིག་བཀོད་གཏོང་བྱ་བའི་རྐྱེན་སྲོལ་གྲུབ་པར་བྱས།

ཞིང་ཆེན་བཀོད་འདོམས་པུའུ་དངོས་ཟོག་འགན་སྲུང་ཚན་ཆུང་གིས་ཁོངས་གཏོགས་སྡེ་ཁག་དང་མཉམ་དུ་དུས་བཀག་ལྟར་བརྗེ་རེས་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་བཙུགས་ནས། དུས་ཐོག་ཏུ་མཁོ་འདོན་འགན་སྲུང་གི་དགོས་མཁོའི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། དངོས་ཟོག་མཁོ་འདོན་འགན་སྲུང་གི་བྱེད་ཐབས་གཏན་འབེབས་བྱས། དངོས་ཟོག་མཁོ་འདོན་འགན་སྲུང་བྱ་བའི་ཁྲོད་མཁོ་འདོན་འགན་སྲུང་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱས་པ་དང་། ལས་རྐང་གཙོ་བོ་དང་གནད་འགག་དུས་རིམ་གྱི་དོ་དམ་ལ་ཤུགས་བསྣན་ལ། བྱ་བ་རེ་རེ་དང་དུས་རིམ་རེ་རེའི་བྱ་བའི་འགན་འཁྲི་བགོ་བཤའ་དང་སྒྲིག་ལམ་རེ་བ་གཏན་ཁེལ་གསལ་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་སྐབས་ཀྱི་དངོས་ཟོག་འགན་སྲུང་བྱ་བར་འགན་སྲུང་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།