ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 《 ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས་ནས། ཏང་གི་ལོ་རྒྱུས་ལ་སྤྱི་སྡོམ་དང་སློབ་སྦྱོང་། སློབ་གསོ། དྲིལ་སྒྲོག་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འདོན་སྤྲོད་བྱས། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་ཡིད་ཆེས་བསྐྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་བསྟར་ལ་ཤུགས་འདོན་པ་དང་། རྟག་པར་དམ་འཛིན་དང་ཉིན་རྒྱུན་འཚོ་བའི་ཁྲོད་འདྲེས་པར་བྱས་ནས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ལ་རྒྱུས་ལོན་གསལ་པོ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱེད་དགོས། རྒྱུན་རྣམ་ཅན་དུ་བསྒྱུར་བའི་སྟེང་ཤུགས་འདོན་པ་དང་། སློབ་སྦྱོང་གཙིགས་སུ་འཛིན་པ། ལག་བསྟར་ལ་སྔར་ལས་ཀྱང་མཐོང་ཆེན་བྱེད་པ། གཙོ་གནད་ལས་འགན་བགོ་བ། བྱེ་བྲག་གི་འགན་འཁྲི་ལག་བསྟར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཡུན་ཕན་ཅན་དུ་བསྒྱུར་བའི་སྟེང་ཤུགས་བཏོན་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་དགོངས་དོན་ལ་རྒྱུས་ལོན་བྱེད་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་བསྐྲུན་པའི་བླང་བྱ་དེ་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་སྟེང་དངོས་འབེབས་བྱེད་ཅིང་། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱེ་བྲག་བྱ་བའི་ཁྲོད་མངོན་པར་བྱས་ཏེ། རིམས་ནད་འགོག་སྡོམ་དང་ཉེན་ཁ་འགོག་སྡོམ། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་གཏན་འཇགས་སུ་གཏོང་བ་སོགས་ཀྱི་བྱ་བར་རྒྱུན་མཐུད་ངང་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི<ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་བགོ་བའི་ཇུས་གཞིའི>སྐོར་གྱི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་པ་དང་། 2022ལོའི་དམངས་གཙོ་གྲོས་མོལ་གྲོས་དོན་བཀོད་སྒྲིག་འཆར་གཞི་དང2022ལོའི་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་གཙོ་གནད་རྟོག་ཞིབ་བརྗོད་གཞི་བཀོད་སྒྲིག་འཆར་གཞི་ལ་མཉན་ཏེ་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ“རྒྱལ་ཁབ་ཀྱི་ཆེ་ཕྱོགས”དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོར་བརྩིས་ནས། ཡུན་རིང་འཆར་འགོད་བྱེད་པ་དང་དུས་ཚོད་ཐུང་ངུའི་ནང་བཀོད་སྒྲིག་བྱེད་པ། ལས་འགན་བགོ་བ། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་བྱེད་པ། བྱེད་ཐབས་སྣ་ཚོགས་ཕན་ནུས་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། སྔོ་ཞིང་དྭངས་པའི་མཚོ་སྔོན་པོས་མི་རབས་རྗེས་མར་ཕན་འདོགས་སུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། རང་བབ་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས། དམངས་ཆེན་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་དགོས། རང་རྒྱལ་ལམ་ལུགས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་ཏེ། ཏང་ཨུས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་འགུལ་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ལ་བརྟེན་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ངོས་འཛིན་གཅིག་བསྡུ་དང་སྟོབས་ཤུགས་མཉམ་འདོན་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྐོར་ཞིབ་མཛད་པའི་ཕྱིར་སློག་དགོངས་འཆར་གྱི་རྗེས་མཐུད་ལེགས་བཅོས་བྱ་བ་དང་། རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ།” “མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་ཚོགས་པ”འོས་སྦྱོར་བྱ་ཡུལ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།