ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཏ་ནན་གྱིས་མཐོ་སློབ་སྐོར་ཞིག་གི་རིམས་ནད་འགོག་སྡོམ་དང་སློབ་གྲྭའི་བདེ་འཇགས་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཕྱིན་ནས། རིམས་ནད་འགོག་སྡོམ་དང་སློབ་གྲྭའི་བདེ་འཇགས་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས། ཝང་ཏ་ནན་གྱིས་ཏང་ཀྲུང་དབྱང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲི་ཇེ་ནན་དུ་གཏོང་བ་དང་རིམས་ནད་འགོག་སྡོམ་དང་། སློབ་གསོ་སློབ་ཁྲིད། སློབ་གྲྭའི་བདེ་འཇགས་དོ་དམ་སོགས་བྱ་བ་སྤྱི་འདོམས་སྒོས་ལེགས་པར་བསྒྲུབ་ནས། དགེ་སློབ་ཀྱི་བདེ་ཐང་དང་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པར་ནན་གྱིས་བསྟན།

ཉིང་སྐྱུར་བརྟག་དཔྱད་ཀྱི་དཔེ་ལེན་བྱ་ཡུལ་དང་སློབ་མའི་ཟ་ཁང་དང་ཉལ་ཁང་དུ་ཝང་ཏ་ནན་གྱིས་སློབ་གྲྭའི་རྒྱུན་ལྡན་གྱི་རིམས་ནད་འགོག་སྡོམ་དང་འཕྲལ་བསྟུན་ཐག་གཅོད། སློབ་ཁྲིད་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཝང་ཏ་ནན་གྱིས་ནན་གྱིས་བསྟན་དོན། སློབ་གྲྭ་ནི་རིམས་ནད་འགོག་སྡོམ་བྱེད་ཡུལ་གཙོ་བོ་ཡིན། ཇུས་གཞིའི་སྔོན་ཇུས་ཞིབ་ཚགས་སུ་གཏོང་བ་དང་བྱེད་པོའི་འགན་འཁྲི་ནན་ཏན་དུ་བཏང་ནས། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་སེལ་བ། སློབ་གྲྭའི་ནང་གི་ལས་དོན་མི་སྣ་བཀག་སྡོམ་བྱེད་པའི་དོ་དམ་ལ་གཙོ་གནད་དུ་བཟུང་ནས། རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་སྔོན་འགོག་བྱེད་དགོས། མི་ལ་དོ་དམ་བཟང་པོ་བྱེད་པ་དང་། སྒོ་ཡག་པོ་སྲུང་བ། ནན་ཏན་གྱིས་ཞིབ་བཤེར་བྱེད་པ། སྔོན་ལ་ཐག་གཅོད་བྱེད་པ་བཅས་ཀྱི་ལས་རེས་བརྟན་སྲུང་དང་། ཁོར་ཡུག་ལ་དུག་སེལ། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་ལས་དོན་སྤྱི་འདོམས་སྒོས་ལེགས་པར་བསྒྲུབ་དགོས། དགེ་སློབ་ཀྱི་སེམས་པ་གཅིག་མཐུན་དང་རིམས་ནད་འགོག་རྒོལ་གྱི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་དང་དྲིལ་བསྒྲགས་བྱས་ཏེ། སློབ་མས་རིམས་ནད་འགོག་སྡོམ་གྱི“འཐབ་རའི”ཁྲོད་ལང་ཚོའི་ཉམས་འགྱུར་མངོན་པར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། 

རྟོག་ཞིབ་སྐབས་སུ། ཝང་ཏ་ནན་གྱིས་ད་དུང་མཚོ་སྔོན་སློབ་ཆེན་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་ས་མཐོའི་ཞིང་འབྲོག་ལས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་ཁང་དུ་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོ་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་བྱས་ཏེ། འབྲེལ་ཡོད་ལས་དོན་ལ་བླང་བྱ་ཡང་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།