ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི2022ལོའི་ལས་དོན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ་བསྡུ་བའི་ཡིག་རྒྱུགས་དུས་ཚོད་ཕྱིར་འགྱངས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔའི་རིམས་ནད་འགོག་སྡོམ་གྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་དམིགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ལས་དོན་མི་སྣའི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། 2022ལོའི་ཟླ5པའི་ཚེས21ཉིན(གཟའ་སྤེན་པ)གྱི་མཚོ་སྔོན་ཞིང་ཆེན་གྱི2022ལོའི་ལས་དོན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལས་དོན་མིི་སྣ་བསྡུ་བའི་ཡིག་རྒྱུགས་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་གཏན་འཁེལ་བྱས། ཟླ6པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ལས་དོན་གྱི་བསྐྱར་མགོ་འཛུགས་པའི་འཆར་གཞི་བཀོད་ཡོད་པ་དང་། ཞིབ་ཕྲའི་ཡིག་རྒྱུགས་དུས་ཚོད་དང་རྒྱུགས་སྤྲོད་འཛིན་ཡིག་བསྐྱར་དཔར་གྱི་དུས་ཚོད་དེ། རིམས་ནད་འགོག་སྡོམ་གྱི་གནས་ཚུལ་ལ་གཞིགས་ནས་ཟུར་དུ་བརྡ་སྦྱོར་གཏོང་རྒྱུ་རེད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་གྱི་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)དང་།  སྐད་འཕྲིན་གྱི“མཚོ་སྔོན་ཞིང་ཆེན་གྱི་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱི་སྤྱི་སྟེགས”སྟེང་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཆ་འཕྲིན་ལ་དོ་སྣང་ཆེན་པོ་བྱས་ཏེ། ཡིག་རྒྱུགས་ཀྱི་བཀོད་སྒྲིག་གསར་ཤོས་ལ་རྒྱུས་ལོན་བྱེད་དགོས།

རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་རྒྱབ་སྐྱོར་དང་གཞོགས་འདེགས་ལ་ཐུགས་རྗེ་ཆེ་ཞུ།

                                                                 མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།

                                                                  2022ལོའི་ཟླ5པའི་ཚེས11ཉིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།