ཀྲུང་གོ་བོད་ཀྱི་དྲ་བ།

མགོ་ལོག་ཁུལ་གྱིས་འགན་འཁྲི་ཕྲག་ཏུ་འཁུར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ནས་ཤེས་གསལ་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཡིད་ལ་བརྟན་པོར་བཅངས་ནས། འབྱུང་རྩའི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་ས་ནག་གྲམ་ཐང་སྤྱི་ཆིང་ཁྲི5.8ལྷག་བཅོས་སྐྱོང་དང་། ཞན་འགྱུར་རྩྭ་ཐང་སྤྱི་ཆིང་ཁྲི8.7ཇེ་ལེགས་སུ་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་འགན་རབ་དང་རིམ་པ་ལེགས་སྒྲུབ་བྱས་པས། ས་གནས་ཀྱི་རྩྭ་ཐང་གི་སྔོ་ཤུན་ཕྱོགས་བསྡུས་ཁེབས་ཚད62%ཟིན་ཡོད། ནུས་ཤུགས་ཡོད་རྒུས་མགོ་ལོག་གི་སྐྱེ་ཁམས་དཔལ་ཡོན་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་བཏོད་པའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བདེ་འཇགས་ལ་ལྗང་མདོག་གི་སྲུང་ཡོལ་བསྐྲུན་ཡོད། 

མགོ་ལོག་ཁུལ་གྱིས་རྩྭ་ས་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་རྨང་གཞིའི་སྟེང་། ཁུལ་མགོ་ཁྲིད་ནས་རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་རྩྭ་དང་ནགས་རྩྭའི་ཐོན་ཁུངས་དོ་དམ་གྱི་རིམ་ལྔའི་འགན་འཁྲི་མ་ལག་བཙུགས། ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ། ནགས་ཚལ་གྲོང་ཚོ་བཅས་གསར་བསྐྲུན་བྱས་ནས་རྒྱལ་ཁབ་ཀྱི་ས་སྔོ་ལྗང་ཅན་དུ་བསྒྱུར་ཏེ་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་རྒྱུ་སྤྱིའི་འཆར་འགོད་ནང་བཞག་ནས་གྲོང་ཁྱེར་འཛུགས་སྐྲུན་འཕེལ་རྒྱས་དང་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་གི་གོམ་སྟབས་མཉམ་དུ་སྤོས་ནས། གྲོང་ཁྱེར་དང་གྲོང་གསེབ་བེད་མེད་དང་ས་རྒོད་དུ་བསྐྱུར་བ་སོགས་ད་ལྟ་སྔོ་ལྗང་ཅན་དུ་བསྒྱུར་ནས། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བསྐྲུན་ཏེ་གྲོང་ཁྱེར་འཛུགས་སྐྲུན་གྱི་སྟོང་ཆ་དེ་ཁ་སྐོང་བྱས་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།