ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་མཐུན་སྒྲིལ་གྱི་ལང་ཚོའི་མེ་ཏོག་རྫ་ཆུའི་ངོགས་སུ་བཞད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1651972768132520.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས6ཉིན། མཚོ་སྔོན་དགེ་འོས་སློབ་ཆེན་ཞོར་གཏོགས་ཡུའུ་ཧྲུའུ་ཚོད་ལྟའི་སློབ་གྲྭས“ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་འཁོར103ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་དང‘མཛེས་སྡུག་ལྡན་པའི་ལང་ཚོའི་ལོ་ངོ་བརྒྱ’ཞེས་པའི་རིག་གནས་འགྲེམས་སྟོན་བྱ་འགུལ་སྤེལ་བ་དང་། དགེ་སློབ་ཆིག་སྟོང་ལྷག་གིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་མི་རིགས་ཀྱི་རྒྱན་གོས་ཀྱིས་གཞོན་ནུ་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ཁྲོད་ལྔ་བཞིའི་ལས་འགུལ་ལ་དྲན་གསོ་དང་སྐར་མ་རིམ་པའི་སློབ་མར་གཟེངས་བསྟོད། སྡེ་ཚོགས་ཀྱི་ཚོགས་མི་གསར་པ་གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་མཛད་སྒོ་སོགས་ཀྱི་སྲོལ་རྒྱུན་རྣམ་གྲངས་ལས་གཞན་ད་དུང་གསར་གཏོད་རང་བཞིན་གྱི་སྒོ་ནས་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སློབ་ཚན་འགྲེམས་སྟོན་དང་། བོད་རིགས་ཀྱི་རྒྱན་གོས་རིག་གནས་འགྲེམས་སྟོན་སོགས་སློབ་གྲྭའི་རིག་གནས་གཞི་རྒྱུ་དང་མི་རིགས་མཐུན་སྒྲིལ་གྱི་གཞི་རྒྱུ་ནང་ཞུགས་པ་རེད། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས་སོ་སོའི་དགེ་སློབ་ཚང་མ་ཞུགས་པ་མ་ཟད། གཞི་རྒྱུ་མང་པོ་མཉམ་འདྲེས་བྱུང་ནས་བྱ་འགུལ་ངོ་མཚར་ཆེ་ཞིང་ཡིད་དབང་འཕྲོག་པ་རེད།  །

1651972768213663.jpg

1651972768630248.jpg

1651972768644878.jpg

1651972769124729.jpg

1651972769533622.jpg

1651972769659205.jpg

1651972769870797.jpg

1651972770118191.jpg

1651972770339675.jpg

1651972770444762.jpg

1651972770687662.jpg

1651972770763299.jpg

1651972770916185.jpg

1651972771214328.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།