ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཡོན་རྫོང་དང་མཁར་ནུབ་ཁུལ་ཁོངས་གཏོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་བུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས8ཉིན་གྱི་ཆུ་ཚོད9བར་དུ་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་དང་མཁར་ནུབ་ཁུལ་ཁོངས་གཏོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཁྲོད། བསྡོམས་པས་བཤེལ་སྐྱེལ་མ་དཔེ་ཁྲི37.38ཡོད་པ་དང་། བརྟག་དཔྱད་ལེགས་འགྲུབ་བྱུང་བའི་མ་དཔེ་ཁྲི37.38ཡོད། མཁར་ནུབ་ཁུལ་གྱི་གཙོ་གནད་འཛིན་སྡོམ་མི་ཚོགས་ཁྲོད་གདགས་གཤིས་ཡིན་པའི་མི་སྣ7བྱུང་ཡོད།(དེ་དག་ནི་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར་ཨང84པའི་ཁྲོད་ཁྱབ་བསྒྲགས་བྱས་པའི་གདགས་གཤིས་མི་སྣ་ཨང16པ་ནས་ཨང22པ་ཡིན)བརྟག་དཔྱད་མཇུག་འབྲས་གཞན་དག་ཚང་མ་སྲིབ་གཤིས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།