ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་དྲུག་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ཟི་ལིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་སྙན་ཞུ་ལ་ཉན་པ་དང་། རང་ཞིང་གི་ཁྲིམས་འཛིན་ཞིབ་བཤེར་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ལིའུ་ཐུང་ཏི་ཡིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད།

ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་བཅའ་ཁྲིམས་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁོར་ཡུག་སྲུང་སྐྱོབ་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཡིན་པས། གཏན་ཁེལ་གཉིས་སྲུང་སྐྱོབ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་མཐོ་ཚད་ནས། ཁྲིམས་འཛིན་ཞིབ་བཤེར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཡང་དག་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བ། ཞིབ་བཤེར་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཞིབ་བཤེར་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། བཅའ་ཁྲིམས་སྐོར་ཞིབ་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། རྩ་འཛུགས་ལག་བསྟར་ཞིབ་མོ་བྱེད་པ་དང་། མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་སྣོན་པ། དུས་རིམ་སོ་སོའི་བྱ་བ་བཟང་བོར་བསྒྲུབ་པ། ཁྲིམས་འཛིན་ཞིབ་བཤེར་ཐད་ནས་ཕན་འབྲས་ལེན་པར་ཁག་ཐེག་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས།

ལིའུ་ཐོ་ཡིས་བསྟན་དོན། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རིམ་པ་བཞིན་འཐུས་ཚང་དུ་བཏང་བ་དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཁྱོན་ཡོངས་ནས་ཇེ་མཐོར་སོང་ལ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མི་སེམས་ལ་ཁྱབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་། སྲིད་གཞུང་གི་སྡེ་ཁག་སོ་སོས་ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ལྟ་སྟངས་ནན་མོ་འཛིན་པ། སྟོབས་ཤུགས་ཡོད་རྒུ་འདོན་པ་དང་རྒྱབ་སྐྱོར་གཞོགས་འདེགས་བྱེད་པ། ཞིབ་བཤེར་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་ལག་བསྟར་དམ་འཛིན་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་དགོས་མཁོ་སྐོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།