ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་མཁར་ནུབ་ཁུལ་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བརྡ་ཁྱབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་དང་གྲོང་ཁྱེར་རིམས་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་གཞིར་བཟུང་ནས། ཉེན་ཁར་སྔོན་འགོག་དང་གནས་ཚུལ་ངན་པ་མི་འབྱུང་བར་བྱ་ཆེད། 2022ལོའི་ཟླ5པའི་ཚེས7ཉིན་མཁར་ནུབ་ཁུལ་ནས་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུར་ཐག་བཅད། འབྲེལ་ཡོད་དོན་དག་སྐོར་ནས་བརྡ་བཏང་བ་གཤམ་ལྟར།

གཅིག བརྟག་དཔྱད་ཀྱི་གཞི་ཁྱོན།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཁོངས་སུ་གཏོགས་པའི་སྡོད་དམངས་ཡོངས། རང་ས་གནས་ཀྱི་རྒྱུན་སྡོད་མི་གྲངས་དང་། གནས་སྐབས་སུ་སྡོད་པའི་མི་གྲངས། གནས་སྐབས་འཁོར་སྐྱོད་མི་གྲངས། ཞོར་ལས་མི་སྣ་སོགས་འདུ།

ཞིང་ཆེན་གཞན་པ་ནས་ཟི་ལིང་དུ་ཡོང་བ་དང་ཕྱིར་ལོག་པའི་མི་སྣས་རང་འགུལ་གྱི་ཐོ་འགོད་བྱས་ཏེ་བརྟག་དཔྱད་དང་ལེན་བྱ་དགོས།

གཉིས། བརྟག་དཔྱད་ཀྱི་དུས་ཚོད།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་པའི་ཚེས་བདུན་ཉིན་གྱི་དུས་ཚོད་དགུ་ནས་བཅོ་ལྔའི་བར།

གསུམ། མཉམ་འཇོག་བྱ་ཡུལ།

ཁུལ་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་ལ། སྤྱི་སྤྱོད་རླངས་འཁོར་དང་གློ་གཏོང་རླངས་འཁོར། དྲ་འབོད་རླངས་འཁོར་སོགས་མཁར་ནུབ་ཁུལ་གྱི་ཕྱི་རུ་འགྲོ་མི་ཆོག ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། ཁུལ་ཡོངས་ཀྱི་རྒྱ་ཆེའི་སྡོད་དམངས་ཀྱིས་གཏན་ཁེལ་གྱི་དུས་ཚོད་ནང་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་དང་། འགྲིམ་འགྲུལ་བཀག་སྡོམ་མ་གློད་པའི་སྔོན་ལ་ཁུལ་ཁོངས་མི་བརྒལ་བ་དང་། ཕྱི་རོལ་དུ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ་བཅས་བྱ་དགོས།

ཁུལ་ཁོངས་ཀྱི་རིམ་པ་སོ་སོའི་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་རིམས་ནད་འགོག་སྡོམ་གྱི་གཙོ་གཞིའི་འགན་ཁུར་དོན་འཁྱོལ་ནན་མོ་བྱ་དགོས་པ་དང་། རང་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་རྣམས་ཀྱིས་ཐག་ཉེ་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་རྩུ་འཛུགས་དང་སྐུལ་སློང་བྱ་དགོས།

རྒྱ་ཆེའི་སྡོད་དམངས་ཀྱིས་སྡེ་ཁུལ་གྱི་ལས་དོན་པའི་བཀོད་སྒྲིག་ལྟར། རང་སྡོད་སའི་གྲོང་རྡལ་དང་སྲང་ལམ། སྡེ་བ་དང་སྡེ་ཁུལ་བཅས་ཀྱིས་བརྡ་བཏང་བ་ལྟར་གོ་རིམ་ལྡན་པའི་ངང་ཁྱིམ་ཚང་དང་མི་གཅིག་ཀྱང་མ་ལུས་པར་ཉིང་སྐྱུར་བརྟག་དཔྱད་ལ་ཞུགས་དགོས།

མཁར་ནུབ་ཁུལ་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས7ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།