ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང76པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།

(ཨང76པ)

ཟླ5པའི་ཚེས6ཉིན་གྱི་ཆུ་ཚོད20དང་སྐར་མ55སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ1གསར་དུ་བྱུང་། ད་ལྟ་འབྲེལ་ཡོད་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གདགས་གཤིས་ཡིན་པའི་ནད་པ་ཨང་དང་པོ། ཕོ། ལོ36། ཧུང་ཡོན་རྫོང་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་།

མིག་སྔར། གོང་གསལ་གྱི་རིམས་ནད་འགོས་པའི་མི་སྣ་དེ་གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་རིམས་ནད་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་པའི་སྒང་ཡིན། 

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས། 

2022ལོའི་ཟླ5པའི་ཚེས6ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།