ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གི་མི་ཡི་ཆ་སྙོམས་ཚེ་ཚད་ལོ73.96སླེབས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། རྒྱལ་ཡོངས་ཀྱི་ཐེངས་བདུན་པའི་མི་འབོར་ཡོངས་བཤེར་གྱི་མཇུག་འབྲས་ཚོད་རྩིས་བྱས་པར་གཞིགས་ན། སྔོན་དཔག་བྱས་པ་ལྟར་ན2020ལོར་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ཆ་སྙོམས་ཚེ་ཚད་ལོ73.96ཡིན་པ་དང་། 2010ལོ་དང་བསྡུར་ན་ལོ་ན4ཡར་འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད། སྔོན་དཔག་བྱས་པ་ལྟར་ན་སྐྱེས་པ་ཞིག་གི་ཆ་སྙོམས་ཚེ་ཚད་ལོ་ན71.72དང་བུད་མེད་ཞིག་གི་ཚེ་ཚད་ལོ་ན76.43ཡིན་ལ། 2010ལོ་ལས་ལོ་ན3.61དང4.36སོ་སོར་འཕར་ནས་བུད་མེད་ནི་སྐྱེས་པའི་མི་འབོར་གྱི་ཆ་སྙོམས་ཚེ་ཚད་ལས་ཇེ་མཐོར་སོང་ཡོད་པ་རེད། དབྱེ་ཞིབ་བྱས་པ་ལྟར་ན་ཞིང་ཆེན་ཡོངས་ཀྱི་མི་འབོར་གྱི་ཆ་སྙོམས་ཚེ་ཚད་སྔོན་དཔག་བྱས་པ་ལྟར་ན་ཇེ་མཐོ་རུ་ཕྱིན་ཡོད་པ་དང་། གཙོ་བོ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། སྨན་བཅོས་འཕྲོད་བསྟེན་འགན་ལེན་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་སོགས་ལ་རག་ལས་ཡོད། 

གྲོང་ཁྱེར་དང་ཁུལ་བཅས་ལ་བལྟས་སོང་ན། 2020ལོར་རྒྱུན་སྡོད་མི་འབོར་གྱི་ཆ་སྙོམས་ཚེ་ཚད་མཐོ་བ་ནས་དམའ་བའི་བར་ནི། ཟི་ལིང་གྲོང་ཁྱེར་གྱི་ལོ་ན77.45དང་།མཚོ་ནུབ་ཁུལ་གྱི་ལོ་ན74.54། མཚོ་ཤར་གྲོང་ཁྱེར་གྱི་ལོ་ན74.46། མཚོ་ལྷོ་ཁུལ་གྱི་ཡིལོ་ན72.67། རྨ་ལྷོ་ཁུལ་གྱི་ལོ་ན72.54། མཚོ་བྱང་ཁུལ་གྱི་ལོ་ན72.24། ཡུས་ཧྲུའུ་ཁུལ་གྱི་ལོ་ན69.78། མགོ་ལོག་ཁུལ་གྱི་ལོ་ན68.18བཅས་ཡིན་པ་དང་།  2010ལོ་དང་བསྡུར་ན་སོ་སོར་ལོ་ན2.97དང་ལོ་ན3.96། ལོ་ན1.85། ལོ་ན3.08། ལོ་ན2.99། ལོ་ན1.83། ལོ་ན5.37། ལོ་ན1.98བཅས་འཕར་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།