ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་འདེབས་འཛུགས་ལས་རིགས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཆར་འགོད་ཆེན་མོ་གཉིས་དཔར་འགྲེམས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འདེབས་འཛུགས་ལས་རིགས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། འདེབས་འཛུགས་ལས་རིགས་ལ་བརྟེན་ནས་འབྱོར་རྒྱས་པའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱ་ཆེད། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་ཆེན་འཕེལ་འགྱུར་ཨུ་ལྷན་དང་མཉམ་དུ་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། བསམ་འཆར་བསྡུ་ལེན་རྒྱ་ཁྱབ་ཏུ་བྱེད་པའི་རྨང་གཞིའི་སྟེང་། 《མཚོ་སྔོན་ཞིང་ཆེན་ཞིང་ལས་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དུས་འབྲིང་རིང་གི་འཆར་འགོད》དང་། 《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དེང་རབས་འདེབས་འཛུགས་ལས་རིགས་མཐོར་འདེགས་པའི་བཟོ་སྐྲུན་འཛུགས་སྐྲུན་འཆར་འགོད》བཟོས་པར་མ་ཟད། དངོས་སུ་དཔར་འགྲེམས་བྱས། འཆར་འགོད་གཉིས་དཔར་འགྲེམས་བྱས་པ་དེས། མ་འོངས་པའི་རང་ཞིང་གི་ཞིང་ལས་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་། ས་བོན་ལེགས་པོའི་གསོ་སྤེལ་རྟེན་གཞི་སྐྲུན་པ། ས་བོན་གསོ་སྤེལ་གྱི་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་བ། འདེབས་འཛུགས་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་པར་སྟོབས་དང་ལྡན་པའི་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། མཚོ་སྔོན་མཐོ་སྒང་གི་འདེབས་འཛུགས་དར་སྤེལ་འགུལ་སྐྱོད་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 

དེའི་ཁྲོད། 《མཚོ་སྔོན་ཞིང་ཆེན་ཞིང་ལས་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དུས་འབྲིང་རིང་གི་འཆར་འགོད》(2021ལོ་ནས2035ལོར)ལས་བྱེ་བྲག་གི་དམིགས་འབེན་གཉིས་གསལ་པོར་བཟོས་ཡོད་དེ། 2025ལོར་བསླེབ་དུས། ཤིན་ཏུ་དཀོན་པ་དང་འཇིག་ཉེན་ཆེ་བ། ཁྱད་ལྡན་ཞིང་ལས་འདེབས་འཛུགས་ཐོན་ཁུངས་ལ་ཕན་ནུས་ལྡན་པའི་སྲུང་སྐྱོང་དང་བེད་སྤྱོད། གསལ་འབྱེད་དཔྱད་འཇོག་མ་ལག་ཐོག་མར་བསྐྲུན་པ་དང་། ཞིང་ལས་འདེབས་འཛུགས་ཐོན་ཁུངས་བརྗེ་རེས་མཉམ་སྤྱོད་སྟེགས་བུ་འཛུགས་རྒྱུ། 2035ལོར་བསླེབ་དུས། ཞིང་ལས་འདེབས་འཛུགས་ཐོན་ཁུངས་གཙོ་བོ་ཁྱོན་ཡོངས་ནས་ཕན་ནུས་ལྡན་པའི་སྲུང་སྐྱོང་དང་སྔོག་འདོན་བེད་སྤྱོད་ཐུབ་པ། ཤིན་ཏུ་དཀོན་པ་དང་འཇིག་ཉེན་ཆེ་བ། ཁྱད་ལྡན་ཞིང་ལས་འདེབས་འཛུགས་ཐོན་ཁུངས་ལ་ཕན་ནུས་ལྡན་པའི་བསྡུ་ཉར་དང་སྲུང་སྐྱོང་ཐུབ་པ། ཐོན་ཁུངས་གཏིང་ཟབ་སྒོས་གསལ་འབྱེད་དཔྱད་འཇོག་དང་ཕྱོགས་བསྡུས་སྔོག་འདོན་བེད་སྤྱོད་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱ་རྒྱུ། གོང་གསལ་གྱི་དམིགས་འབེན་ཡང་དག་པར་དམིགས་ཏེ། རང་ཞིང་གི་བརྟག་ཞིབ་ཁྱབ་གདལ་དང་བསྡུ་ཉར་ལག་བསྟར་དང་། སྲུང་སྐྱོང་མ་ལག་འཛུགས་སྐྲུན། གསལ་འབྱེད་དཔྱད་འཇོག གསར་གཏོད་མཐོར་འདེགས། ཆ་འཕྲིན་མ་ལག་གྱི་གཙོ་གནད་བཟོ་སྐྲུན་ཆེན་མོ་ལྔ་འཛུགས་རྒྱུ་རེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།