ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་གིས་གཞི་རིམ་གྱི་ཏང་འཛུགས་བྱ་བར་སྐུལ་འདེད་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དར་ལག་རྫོང་གིས་གནས་བབ་གསར་པའི་འོག་གི་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་བྱེད་ཐབས་གསར་པ་དང་ཐབས་ལམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། “རྫོང་ཡོངས་སྐུལ་སྤེལ་དང་ཁྱོན་ཡོངས་སྤུས་འདེགས”ཀྱི་བཟོ་འགོད་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་པ་བཅས་ཀྱིས། གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བའི་ཁྱོན་ཡོངས་གོང་འཕེལ་དང་ཁྱོན་ཡོངས་བརྟན་པོ་ཡོང་བར་སྐུལ་འདེད་བྱས། རྩ་འཛུགས་འཚོ་བ་ཚད་ལྡན་དང་ཏང་ཡོན་སློབ་གསོ་ཇེ་དྲག ཀྲི་པུའུ་ཡི་ནུས་པ་འདོན་སྤེལ་བྱེད་པ་ནས་མགོ་བརྩམས་ཏེ། འབྲོག་ཁུལ་གྱི་ཏང་ཀྲི་པུའུ་ཡི་རང་སྟེང་གི་འཛུགས་སྐྲུན་ཇེ་དྲག་དང་དམངས་འཚོའི་འགན་སྲུང་གི་ཤུགས་ཚད་ཇེ་ཆེར་བཏང་ནས། ཏང་ཀྲི་པུའུ་ཡི་སྣ་སོ་སོའི་བྱ་བ་སྔར་བས་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བྱས། “545”ཡི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་དཔེ་དབྱིབས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་སྟེ། རྒྱུན་ལྡན5ནི་རྒྱུན་དུ་གཞི་རིམ་དུ་བསྐྱོད་པ་དང་སྡོད་དམངས་ལ་འཚམས་འདྲི་བྱེད་པ། སྲིད་ཇུས་སྒྲོག་འགྲེལ་བྱེད་པ། བསམ་འཆར་ལ་ཉན་པ། དོན་དངོས་སྒྲུབ་པ་བཅས་ཡིན། འབྲེལ་གཏུག4ནི་སྡེ་ཁུལ་གྱི་ལས་བྱེད་མི་སྣས་རང་འགུལ་གྱིས་རང་གཏོགས་སྡེ་ཚན་གྱི་ཐོག་ཁང་གི་སྡོད་དམངས་དང་མངའ་ཁུལ་གྱི་ཁེ་ལས་ལས་དོན་སྡེ་ཁག གཙོ་གནད་ཁྱིམ་ཚང་། གོང་རིམ་ཏང་ཨུ་བཅས་ལ་འབྲེལ་གཏུག་བྱེད་པ་དེ་ཡིན། ཞབས་ཞུ5ནི་སྡེ་ཁུལ་གྱི་ལས་བྱེད་མི་སྣས་རང་འགུལ་ཞབས་ཞུ་དང་དུས་བཅད་ཞབས་ཞུ། སྒོ་ཁའི་ཞབས་ཞུ། ཕྱོགས་ངེས་ཞབས་ཞུ། ལས་ཚབ་ཞབས་ཞུ་བཅས་སྤེལ་བ་ཡིན། སྡོད་དམངས་མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་རེ་བཞི”ཡི་གནད་དོན་ཐག་གཅོད་བྱས་ཏེ། “ཏང་འཛུགས+སྤྱི་ཚོགས་དོ་དམ+སྤྱི་པའི་ཞབས་ཞུ”ཡི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཅིག་བསྐྲུན་ཡོད།

ཏང་འཛུགས་སྐྲུན་གྱིས་སྤྱི་ཡོངས་འཕེལ་རྒྱས་སྣེ་འདྲེན་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྲུན་གྱི་སྟོབས་ཤུགས་གོང་བུར་བསྒྲིལ། “གསར་པ་གཉིས”ཀྱི་རྩ་འཛུགས་དང་རྒྱལ་གཉེར་ཁེ་ལས། སློབ་གྲྭ་ཆུང་འབྲིང་། གཞུང་བཙུགས་སྨན་ཁང་སོགས་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་འཛུགས་སྐྲུན་ཤུགས་ཚད་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་བ་དང་། གྲོས་དོན་ཇུས་ཆོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་རྩ་འཛུགས་འཚོ་བ་ཚད་ལྡན་དུ་གཏོང་བ། ཏང་ཡོན་འཕེལ་རྒྱས་ཇེ་དྲག་ཏུ་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།