ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལྔ་གཅིག་དུས་ཆེན་སྐབས་སུ་སྲོལ་ངན་གནད་དོན་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས3ཉིན། གསར་འགོད་པས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་ཚུལ་མིན་གྱི་སྤྱོད་ཚུལ་ཡང་བསྐྱར་འབྱུང་བ་གཏན་འགོག་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ད་ལོའི་ལྔ་གཅིག་དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་བྱ་སྤྱོད་གནད་དོན། སྲོལ་ངན་གནད་དོན་སོགས་ལ་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་ཕན་འབྲས་ལ་བརྟེན་ནས་སྤྱོད་གཙང་སྲོལ་བཟང་གི་དུས་ཆེན་གྱི་སྣང་ཚུལ་གསར་སྐྲུན་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སོ་སོར་ཆེད་དོན་ཞིབ་བཤེར་ཚན་ཁག་བཙུགས་ཏེ། ཡུལ་དངོས་ལ་སོང་ནས་ལྟ་ཞིབ་བྱེད་པ་དང་མང་ཚོགས་ལ་བཅར་འདྲི་བྱེད་པ། བྱ་བའི་རྒྱུ་ཆ་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས། སྤྱོད་ཚུལ་འཛུགས་སྐྲུན་གནས་ཚུལ་ལ་ཐེངས་མང་པོར་ལྟ་སྐུལ་ཞིབ་བཤེར་བྱས། དེ་ལས་གཞན་ད་དུང་རིམས་ནད་འགོག་སྡོམ་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཞིང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་དེ་མིན་འགན་ནུས་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་དུ་འཕར་བ་འགོག་པའི་སྤྱིའི་ཇུས་གཞི་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་ཇུས་གཞི་རྒྱུན་འཁྱོངས་བྱེད་པར་མཛུབ་སྟོན་བྱས་པ་དང་། རིམས་ནད་འགོག་སྡོམ་གྱི་ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ནས། གོ་རིམ་ལྡན་པའི་སྒོ་ནས་རྒྱུན་ལྡན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་བྱས་པ་དང་། དངོས་སྐྱེལ་གེགས་མེད་ལ་འགན་སྲུང་བྱས་པ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་ཡོང་བ་སོགས་ཀྱི་ཐད་ལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་འགན་སྲུང་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།