ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཟླ་འདིའི་ཚེས10ཉིན་གྱི་སྔོན་ལ་དུས་ཆེན་གྱི་འཚམས་འདྲིའི་འཛད་སྤྱོད་འཛིན་ཤོག་སྤྲོད་དགོས་པའི་བརྡ་ཐོ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྲིད་གཞུང་སྡེ་ཁག་གིས་འཛད་སྤྱོད་ཚོང་ར་སླར་གསོ་གང་མགྱོགས་ཡོང་བར་ཧུར་ཐག་གིས་གཞོགས་འདེགས་བྱ་ཆེད། ཉེ་ཆར་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས《དུས་ཆེན་གྱི་འཚམས་འདྲིའི་དངུལ་གཅིག་སྡུད་ཀྱིས་སྔོན་ལ་སྤྲོད་པའི་སྐོར་གྱི་བརྡ་ཐོ》བཏང་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་རྩ་འཛུགས་རིམ་པ་སོ་སོས་ཟླ5པའི་ཚེས10ཉིན་གྱི་སྔོན་ལ་འབྲེལ་ཡོད་ཚད་གཞི་ལྟར། 2022ལོའི་ལས་བཟོ་པའི་དུས་ཆེན་འཚམས་འདྲིའི་དངུལ་དེ་འཛད་སྤྱོད་འཛིན་ཤོག་གི་རྣམ་པ་སྤྱད་ནས་ལས་ཁུངས་དང་ལས་དོན་ལས་ཁུངས། ཁེ་ལས་ལས་ཁུངས་བཅས་ཀྱི་བཟོ་ཚོགས་ཚོགས་མིར་ཐེངས་གཅིག་ལ་སྤྲད་ནས། ཚོགས་མིས་འཛིན་ཤོག་བཟུང་ནས་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོའི་ཕྱོགས་བསྡུས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་། རིག་གནས་ཡུལ་སྐོར། སྣུམ་སྣོན་ས་ཚིགས་སོགས་ཀྱི་ལས་རིགས་དངོས་གཞིའི་ཚོང་ཁང་དུ་འཛད་སྤྱོད་བྱས་ཆོག་པ་རེད།

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི《བརྡ་ཐོའི》ནང་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཡུལ་བབ་དང་བསྟུན་པ་དང་། ཕྱོགས་བསྡུས་ཇུས་གཞི་ལག་བསྟར། མཉམ་འབྲེལ་སྒོས་ཤུགས་སྣོན་པ་བཅས་བྱས་ནས་རྒྱ་ཆེའི་ལས་བཟོ་པ་མང་ཚོགས་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་དང་། འཛད་སྤྱོད་དངོས་རྫས་གསར་པ། དབུལ་སྐྱོར་ཐོན་རྫས། འཛད་སྤྱོད་ལ་སྐུལ་འདེད། ནང་མཁོར་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་ལས་གཞི་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དཔལ་འབྱོར་དང་སྤྱི་ཚོགས་མུ་མཐུད་དུ་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་ལེགས་སྐྱེས་འབུལ་བར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།